| e-texts navigator |
| Wylie |
72b1 དེའི་སྐུ་ཚེའི་ཚད་ཀྱང་ལོ་འབུམ་ཕྲག་བརྒྱ་བཅུ་རྩ་བའི་ཕྲག་བརྐྱང་ངུ་བསྲེས་པ་སྟེད་དུ་གྱུ་རང་ཏོ།། མྱི་དེ་དག་གི་ཚེའི་ཚད་ཀྱང་དེ་ཉིད་དེ། དེ་ན་ཚེའི་མཐའ་མ་བྱིན་པར་སུ་ཡང་འཆི་བ་མྱེད་དོ།། དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི།
72b2 འཁོར་ཡང་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་ཡོད་པར་གྱུར་ཏོ།། དེ་ན་ཉན་ཐོས་ཀྱི་དགེ་འདུན་ནི་ཚད་མྱེད་དོ།། ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན། དེར་འཁོར་ལོ་སྒྱུར་བའི་རྒྱལ་པོ་གླིང་ཆེན་པོ་བཞིའི་དབང་ཕྱུག་གི་རྒྱལ་པོ་བསོད་ནམས་མྱི་ཟར
72b3 པ་ཞེས་བྱ་བ་ཞིག་བྱུང་མེ། རྒྱལ་པོ་བསོད་ནམས་ཀྱི་ཟང་པ་དེའི་བཅུད་མོ་བུད་བྱེད་ལྷ་མོ་དང་བྱ་ཁྲག་ཁྲིག་བརྐྱང་བཅུ་རྩ་བའི་ཡོད་དེ། དེ་དག་རོའི་ནང་ན་བཙུན་མོ་དམ་པ་ནི་བའི་ཡོད་པར་གྱུར་ཏེ། འདི་ལྟ་སྟེ། དྲི་མ་ཕྱེད་པ་ཞེས་བྱ་བ་དང་།
72b4 མ་མྱེད་པའི་འོད་ཅེས་བྱ་བ་དང་། དག་པ་ཞེས་བྱ་བ་དང་། དག་ལྡན་མ་ཞེ་ས་བྱའོ།། དེའི་བུ་ཡང་བརྒྱད་ཁྲི་བ་ནི་སྟོང་ཡོད་དེ། ཆེན་པོ་ཆེའི་སྟོབས་དང་ལྡན་ལ། མཚན་ཉི་ཤུ་རྩ་བརྒྱད་ཀྱི་གཟུགས་དང་ལྡན་པ། ཐེག་པ་ཆེན་པོ
72b5 ལ་ཞུགས་པ་ཤ་སྟག་གོ།། ཀླུའི་བདག་པོ་རྒྱལ་པོ་བསོད་ནམས་མྱི་ཟད་པ་དེ་ཡང་གྲོང་ཁྱེར་ཆེན་པོ་དཀའ་འབྱུང་ཞེས་བྱ་བ་ན་གནས་སོ།། གྲོང་ཁྲིར་ཆེ། ན་པོ་དེ་ཡང་ཤར་དང་། ནུབ་དང་། བྱང་དང་། ལྷོའི་ངོས་རེ་ལ་དཔག
72b6 ཚད་དྲུག་བཅུ་རྩ་བཞི་བཞི་ཡོད་པར་གྱུར་ད་ཏོ།། བཅོམ་ལྡན་འདས་དེ་བན་ན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ཡང་། གྲོང་ཁྱེར་ཆེན་པོ་དགའ་འབྱུང་དེ་ཉིད་དུ་སྐུ་བལྟམ་མོ།། གྲོང་ཁྱེར་ཆེན་པོ་དེའི་ནང་དུ། རྒྱལ་པོ
72b7 བསོད་ནམས་ཀྱི་ཟད་པའི་ཕོ་བྲང་རིམ་པོ་ཆེ་སྣ་བདུན་ལས་བྱས་པར་གྱུར་ཏོ།། གྲོང་ཁྱེར་ཆེན་པོ་དེའི་ནང་ན་ལམ་པོ་ཆེ་དང་སྲང་གི་སྒོ་འབུམ་ཕྲག་བརྐྱང་བཅུ་རྩ་བཞི་ཡོད་པར་གྱུར་ཏོ།། ལམ་པོ་ཆེ་དང་སྲང་ཀི་སྒོ་ཐམས་ཅད་ན་ཡང་ཁྱིམ
72b8 བྱེ་བ་འབུམ་ཕྲག་བརྒྱད་ནུ་རྩ་བཞི་གནས་སོ།། གྲོང་ཁྱེར་ཆེན་པོ་དེ་ཡང་ར་བ་ཆེན་པོའི་རིམ་བདུན་དང་། སན་ཀན་རིམ་བདུན་དང་། ཏ་ལའི་འཕྲེང་རིམ་བདུན་དང་། དྲིལ་བུ་གསེར་ཀའི་དྲ་བ་རིམ་བདུན་གྱིས་བསྐོར་ཏོ།། སྐྱེད་མོས་ཙལ།
72b9 ཁྲིས་ཀྱང་བསྐོར་ཏོ།། འོབས་རིམ་བདུན་ཀིས་ཀྱང་བསྐོར་ཏེ། འོབས་དེ་དག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ལ། མེ་ཏོག་ཨུད་པ་དང་། པད་མ་དང་ཀུ་མུ་དདང་། པད་མ་ཀར་པོ་དང་། དྲི་མཆོག་གིས་ཁེབས