| e-texts navigator |
| Wylie |
72a1 དེ་ལྟ་བུའི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་དེ་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པར་གྱུར་ད་ཏེ།
72a2 དེ་ལྟར་ཐག་གྲུ་ཆེ་ཞིང་ཡངས་པ་དེ་ལྟར་ཚད་མྱེད་དོ།། འཇིག་རྟེན་གྱི་ཁམས་དེ་ནོར་བུ་རིན་པོ་ཆེ་རྡོ་རྗེའི་འོད་འདྲ་བར་གྱུར་པ་ཏེ། དེ་ཉིད་ཀྱི་སྡང་བས་རྟག་ཏུ་སྡང་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེའི་དྲ་བས་ཀུན་ཏུ་ཁེབས་ཤིང
72a3 དར་གྱི་ལྔ་ལྡི་མང་པོ་ནི་བཏགས། གདུགས་དང་། རྒྱལ་མཚན་དང་བ་དན་པ་སྦེང་བས་ནི། ལེགས་པར་བརྒྱན། བླ་རེ་ཆེན་པོ་རྣམས་ནི་བྲེས། མཚན་མོ་བར་སྣང་ལས་ཀྱང་སིལ་སྙན་བརྒྱད་སྟོང་དག་མ་བརྡུངས་མ་དཀྲོལ་བར་སྦ
72a4 རང་བྱུང་སྟེ། སིལ་སྙར་དང་ཀླུ་དབྱངས་ཀྱི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོ་འི་འཇིག་རྟེན་གྱི་ཁམས་ཐམས་ཅད་མངོན་པར་གོ་བར་བྱས་སྟེ། སིལ་སྙད་དང་ཀླུ་དབྱངས་ཀྱི་སྣ་དེ་དག་ལས་འདོད་པ་དང་ལྡན་པ་དང་། འདོད་ཆགས
72a5 དང་ཞེ་སྡང་དང་གཏི་མུག་དང་། ཉོན་མོངས་པ་རབ་ཏུ་འབར་བའི་སྒྲ་ནི་མྱི་འབྱུང་ཀི། ཞི་བ་དང་། རབ་ཏུ་ཞི་བ་དང་། ཆོས་ཀྱི་དགའ་བ་དང་། མགུ་བ་དང་ལྡན་པའི་སྒྲ་དེ་དག་འབའ་ཞིག་འབྱུང་བར་འགྱུར་ཏེ། དེ
72a6 ཐོས་པ་ཙམ་གྱིས་ལྷ་དང་། མྱི་དེ་དག་ཐམས་ཅད་ཀྱིས་དྲན་པ་དང་། ཉེ་བར་ཞི་བ་དང་། དགའ་བ་དང་། བདེ་བ་ཐོབ་པ་ལ་ཉོན་མོངས་པ་ཐམས་ཅད་ཀྱང་དེ་དག་ལ་གནོད་པར་མ་གྱུརྡ་ཏོ།། འཇིག་རྟེན་གྱི་ཁམས
72a7 དེ་ཡང་ལག་མཐིལ་ལྟར་མཉམ་ལ་ཀ་ཙ་ལིན་དའི་གོས་ལྟར་འཇམ་ཞིང་རེག་ན་བདེ་བར་གྱུརྡ་ཏོ།། འཇིག་རྟེན་གྱི་ཁམས་དེ་ན་ངན་སོང་ངན་འགྲོ་གདགས་པ་མྱེད་དེ། ལྷ་དང་མྱི་དེ་དག་ཀྱང་དག་པ་འབའ་ཤིག་ཏུ་གྱུརྡ་ཏོ།། དེ་དག་ནི་ཕལ་ཆེར
72a8 རྒྱ་ཆེན་པོ་ལ་མོས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་ཤ་སྟག་གོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ན་ཉུང་ངོ་།། དེ་དག་གི་ལོངས་སྤྱོད་ཐམས་ཅད་ཀྱང་ཡང་ལ་བསམས་པས་འབྱུང་ལ། ལྷ་དང་མྱི་དེ་དག་བདེ་ཞིང་ཡོངས་སུ་སོང་དང
72a9 ལྡན་པར་གྱུར་ཏེ།། དེན་སུ་ཡང་ཐུག་པ་དང་དབུལ་པོ་བྱེད་དེ། དཔེར་ན་དགའ་ལྡན་གྱི་ལྷ་རྣམས་ཀྱི་སོངས་སྤྱོད་དང་། ཉེ་བར་སྲུང་བ་ཇི་ས་པ་བཞིན་དུག་དེན་འཁོད་པའི་ཕྱི་རྣམས་ཀྱང་དེ་དང་འདྲ་བར་གྱུར་ཏོ།། དེ་བཞི་གཤེགས་པ