e-texts navigator
Collection
Volume
Page
Wylie

71b1 ཆུབ་སེམས་དཔའ་ས་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་དག་གི་ངེས་པའི་ཚིག་ཤེས་སོ།། ཀླུའི་བདག་པོ་ངེས་པའི་ཚིག་གི་ཚིག་དང་། བརྡའི་ཚིག་གི་ཚིག་བསྟན་པ། ཕྱོགས་བཅུ་དག་ཏུ་འབྱུང་བ་གང་ཡིན་པ་དེ་དག་ནི། བསྐལྔ་པ་འམ།
71b2 བསྐལ་པ་ལས་ལྷག་པར་ངས་བསྟན་ཀྱང་། སངས་རྒྱས་ཀྱི་ཞིང་གི་ངེས་པའི་ཚིག་གི་ཚིག་དང་། བརྡའི་ཚིག་གི་ཚིག་བསྟན་པ་རྣམས་མཐར་ཐུག་པ་གང་ཡང་མྱེད་དོ།། མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་བསྟན་པ་ན། བྱང་ཆུབ་སེམས
71b3 དཔའ་དྲུག་ཁྲིས་གཟུངས་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་གིས་ནི་གྱི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། མྱི་སུམ་ཞི་ཉིས་སྟོང་གིས་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས
71b4 བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཀའ་སྩ་ལད་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི། མུ་ནུ་པ་མུན་ནཀ་དང་བྲལ་བའི་ལམ་འདས་ཐམས་ཅད་མཁྱེནད་པ་ཉིད་ཡང
71b5 རག་པར་སྒྲུབ་པར་བྱེད་དོ།། ། མྱི་ཟད་པའི་ཟ་མ་ཏོག་ཀི་གཟུངས་ཀྱི་ལེའུ་སྟེ་གསུམ་པའོ།། ། ཀླུའི་བདག་པོ་སྔོན་བྱུང་བ་འདས་པའི་དུས་ན
71b6 བསྐལ་པ་གྲངས་མྱེད་པས་བས་ཀྱང་ཆེས་གྲངས་མྱེད་པ། ཡུན་རིང་པོ་དཔག་ཏུ་མྱེད་བསམ་གྱིས་མྱི་ཁྱབ་པའི་སྔ་རོལ་ཏུ་གྱུར་པ་དེའི་ཚེ་དེའི་དུས་ན། བསྐ་སད་པ་རྣམ་པར་སྦྱོར་བ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཁྱད་པར
71b7 གྱི་ཡོན་ཏན་བཀོད་པ་བསྡུས་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེནད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྦྱར་བ། ཟ་ན
71b8 མྱེད་པ་ལྔ་དང་མྱི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཚངས་པའི་དཔལ་སྒྲའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་།། དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པ་དེ། འབྱོར་ད་པ་དང་རྒྱས
71b9 དང་བདེ་བ་དང་ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་མང་པོ་དང་ལྒ་དང་། མྱི་རྣམས་ཀྱིས་གང་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་འདི་ནགླིང་བཞིའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་པ་ཇི་ཙམ་པ་དེ་ཙམ་ཀི་གླིང་བཞི་པར་གྱུར་དང




iiif viewer powered by OpenSeadragon

71a - 72a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo