| e-texts navigator |
| Wylie |
70b1 ཀྱི་བུའི་སངས་རྒྱས་ཀྱི་ཞིང་ཁྱད་པར་བསྡུས་པའི་འཇིག་རྟེན་ཀྱི་ཁམས་ན་ཐམས་ཅད་དང་ལྡན་པ་ཞེས་བྱའོ།། འདིར་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་གྲུབ་པར་གཤེགས་པའི་སངས་རྒྱས་ཀྱི་ཞིང
70b2 ཞི་བའི་འཇིག་རྟེན་གྱི་ཁམས་ན་གཟི་བྱིན་ཅན་ཞེས་བྱའོ།། འདི་མ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མྱ་ངན་དང་བྲལ་བའི་སངས་རྒྱས་ཀྱི་ཞིང་། མྱ་ངན་མྱེད་པའི་འཇིག་རྟེན་གྱི་ཁམས་ན་ལེགས་སོ།།
70b3 ཞེས་བྱ་བའི་ཚུལ་ཞེས་བྱའོ།། འདི་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དྲི་མ་མྱེད་པའི་ཞལ་གྱི་སངས་རྒྱས་ཀྱི་ཞིང་དྲི་མ་མྱེད་པའི་འཇིག་རྟེན་གྱི་ཁམས་མ་རྒྱ་ཆེན་པོ་མྱི་ཟད་པ་དང་ལྡན་པ་ཞེས་བྱའོ།།
70b4 འདི་ན་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིནད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དྲི་མྱེད་འོད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྣང་བའི་འཇིག་རྟེན་གྱི་ཁམས་མ། སྒྲོལ་བར་བྱེད་པ་ཞེས་བྱའོ།། འདི་ན་བསམ་གཏན་གྱི་ཕ་རོལ
70b5 ཏུ་ཕྱིནད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས། བྱ་བའི་སངས་རྒྱས་ཀྱི་ཞིང་སྙིང་པོ་ཅན་གྱི་འཇིག་རྟེན་གྱི་ཁམས་ན། ཉེ་བར་ནི་བར་སྤྱོད་པ་ཞེས་བྱའོ།། འདི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ཞེས
70b6 བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྤྲིན་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་སྤྲིན་ལྡན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། ཡོངས་སུ་དག་པ་ཞེས་བྱའོ།། འདི་ན་ཐབས་ལ་མཁས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི
70b7 དེ་བཞིན་གཤེགས་པ་ཕྱག་དྲིམ་བྱེད་པའི་སངས་རྒྱས་ཀྱི་ཞིང་མཆོག་དམ་པའི་འཇིག་རྙེད་གྱི་ཁམས་ན། འཇིག་རྟེན་དང་མཐུན་པ་ཞེས་བྱའོ།། འདིར་བྱམས་པ་དང་། སྙིང་རྗེ་དང་། རག་འ་བ་དང་། བཏང་སྙོམས་ཤེས་བྱ་བ་གང་ཡིན་པ་དེ་།
70b8 ནི་དེ་བཞིན་གཤེགས་པ་དོན་གྲུབ་ཀྱི་སངས་རྒྱས་ཀྱི་ཞིང་ལེགས་པའི་འཇིག་རྟེན་གྱི་ཁམས་ན། ཕན་པ་དང་ཡིད་དུ་འོང་བ་དང་། ཐུབ་པ་དང་གཉི་ག་ལས་ཞི་བ་ཞེས་བྱའོ།། འདི་ན་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང
70b9 ལམ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་དཔལ་སྲུང་གི་སངས་རྒྱས་ཀྱི་ཞིང་སླད་དུ་མྱེད་པའི་འཇིག་རྟེན་གྱི་ཁམས་ན། རྩ་བ་དང་། ཟ་བའི་རྗེས་སུ་འགྲོ་བ་དང་། རྩ་བ་ཟད་པ་དང་། རྩ་བ་ཞི་བར་འགྱུར་བ་ཞེས་བྱའོ།།