e-texts navigator
Collection
Volume
Page
Wylie

70a1 ཆར་ཆེན་པོ་འབེབས་པ་ཡང་ཡིན་ནོ།། དཔའ་བོས་གཞན་གྱི་དམག་ལ་བྱ་བ་ལྟ་བུར་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཡང་ཡིན་ནོ།། ཆུའི་རྒྱུན་ཀྱིས་མྱེ་ལ་བྱ་བ་ལྟ་བུར་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར
70a2 བྱེད་པ་ཡང་ཡིན་ནོ།། ཀྲུང་གིས་ཕུབ་མ་སྔར་གང་ལ་བྱ་བ་ལྟ་བུར། བདུད་ཐམས་ཅད་ཟིལྡ་ཀྱིས་གནོན་པ་ཡང་ཡིན་ནོ།། མ་མས་བྱིས་པ་ལ་བྱ་བ་ལྟ་བུར་སེམས་ཅན་ཐམས་ཅད་དང་མཐུན་པར་བྱེད་པ་ཡང་ཡིན་ནོ།། ས
70a3 གཞི་རྫས་རྣམས་ཀྱིས་མྱི་བསྟོད་པ་ལྟ་བུར། བདེ་བ་དང་སྡུག་བསྔལ་རྣམས་ཀྱིས་ཀྱི་བསྐྱོད་པ་ཡང་ཡིན་ནོ།། རླུང་གིས་ཤིང་གི་ལོ་མ་རྣམས་ལ་བྱ་བ་ལྟ་བུར་པས་ཀྱི་རྒོལ་པ་ཐམས་ཅད་གཡོ་བར་བྱེད་པ་ཡང་ཡིན་ནོ།། རྣམ་ཐོས་ཀྱི་བུ
70a4 རིན་པོ་ཆེ་ཐམས་ཅད་འབྱོར་པ་ལྟ་བུར། ཆོས་ཀྱི་ནོར་མཐུན་པར་སྦྱིན་པ་ཡིན་ནོ།། འགྲོ་བ་ཐམས་ཅད་ཀྱི་བཀོད་པའི་སྙིང་པོ་ཞེས་བྱ་བའི་ཡིད་བ་ཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ
70a5 རྫོགས་པར་བྱེད་པ་ཡང་ཡིན་ཏེ།། ཀླུའི་བདག་པོ་དེ་ལྟར་ན་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བྱང་། ཆུབ་ཀྱི་སྙིང་པོ་ལ་གནས་པ་ཞེས་བརྗོད་དོ།། ཀླུའི་བདག་པོ་དཔེར་ན
70a6 རྒྱ་མཚོ་ཆེན་པོ་ནི་རིན་པོ་ཆེ་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་དང་། རིན་པོ་ཆེ་ཐ་མ་ས་ཅད་ཀྱི་ཟ་མ་ཏོག་ཡིན་པ་དེ་བཞིན་དུ། མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་ཐམས་ཅད་ཀྱི་འབྱུང་གནས
70a7 དང་། ཆོས་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་ནོ།། ཀླུའི་བདག་པོ་དཔེར་ན་སྤོས་བརྒྱ་ཕྲག་དུ་མ་ཡོད་པའི་སྤོས་ཀྱི་ཟ་མ་ཏོག་ནི། སེམས་ཅན་ཐམས་ཅད་སྤོས་ཀྱིས་ཡོངས་སུ་མགུ་བར་བྱེད་པ་དེ་བཞིན་དུ་མྱི་ཟད་པའི་ཐ་མ་ཏོག་གི་གཟུངས་ལ་གནས་པའི
70a8 བྱང་ཆུབ་སེམས་དཔའ་ནི། སེམས་ཅན་ཐམས་ཅད་ལེགས་པར་སྨྲ་བས་ཡང་དག་པར་མགུ་བར་བྱེད་དོ།། ཀླུའི་བདག་པོ་གཞན་ཡང་གཟུངས་འདི་ནི་སྒྲ་ཐམས་ཅད་ལ་འཇུག་པ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་ཤེས་བྱ་བ་གང་ཡིན་པ་དེ་ནི
70a9 དེ་བཞིན་གཤེགས་པ་རིན་ཅེན་གདུགས་གཅིག་པའི་སངས་རྒྱས་ཀྱི་ཞིང་མྱི་ཟད་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ན་མཉམ་པར་གཞག་པ་བྱའོ།། འདི་ནི་ཐམས་ཅད་མཁྱེནད་པ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་སྲེད་མྱེད




iiif viewer powered by OpenSeadragon

69b - 70b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo