e-texts navigator
Collection
Volume
Page
Wylie

69b1 གི་ཕ་རོལ་དུ་ཕྱི་ནང་པ་ནི་དེའི་ཅི་འདོད་པའི་དོན་ཡང་དག་པར་ཐོབ་པར་བྱེད་པའོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ནི་དེའི་ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པའོ།། ཡེ་ཤེས་ཀྱི་ཕ་རོལ་ཕྱིནད་པ་ནི་དེའི་དུས་གསུམ་ལ།
69b2 ཡེ་ཤེས་ཐོགས་པ་མྱེད་པར་བྱེད་པའོ།། བྱམས་པ་ནི་དེའི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་བསྒྲུབ་པར་བྱེད་པའོ།། སྙིང་རྗེ་ནི་དེའི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་སེལ་བར་བྱེད་པའོ།། དགའ་བ་ནི་དེའི་རངས་པ་དྲང
69b3 དགའ་བར་བྱེད་པའོ།། བཏང་སྙོམས་ནི་དེའི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་བྱེད་པའོ།། བདེར་བའི་གཏམ་ནི་དེའི་འཇིག་རྟེན་ཐམས་ཅད་ལ་མྱི་སླུ་བར་བྱེད་པ་སྟེ། ཀླུའི་བདག་པོ་འདི་ནི་མྱི་ཟད་པའི་ཟ་མ་ཏོག་གི་གཟུང་།
69b4 ཀྱི་ཁ་ཏོག་ནི་ལུས་ཡིན་ནོ།། བྱང་ཆུབ་སེམས་དཔའ་གང་གཟུངས་འདིས་ཆོས་ཀྱི་ཀུན་དགའ་ལ་དགའ་བ་དེ་ནི་རྒྱལ་པོ་བཙུན་མོའི་འཁོར་གྱི་ནང་ན། མགོ་བོར་གྱུརྡ་པ་ལྟ་བུ་ཡིན་ནོ།། བརྒྱ་བྱིན་རི་རབ་ཀྱི་ཟོམ་ན་བདག་པོར་གྱུར་པ་ལྔ
69b5 བུ་ཡང་ཡིན་ནོ།། ཚངས་པ་ལྟ་བུར་ཚངས་པར་གྱུར་པ་ཡང་ཡིན་ནོ།། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལྟ་བུར་ལུས་ཁྱད་པར་དུ་འཕགས་པ་ཡང་ཡིན་ནོ།། རྒྱ་མཚོའི་གཏིང་དཔག་དཀའ་ཞིང་མུ་མྱེད་པ་ལྟ་བུ་ཡང
69b6 ཡིན་ནོ།། རི་རབ་ལྟ་བུར་བསོད་ནམས་དག་གིས་མངོན་པར་འཕགས་པ་ཡང་ཡིན་ནོ།། ལྷ་རྣམས་ཀྱི་སྙིང་དུ་སྡུག་པ་དང་ཡིད་དུ་འོང་བ་ཡང་ཡི་ན་ནོ།། ཕ་མའི་བུ་ཅིག་པ་ལྟ་བུ་ཡང་ཡིན་ནོ།། ནམ་མཁའི་དཀྱིལ
69b7 ན་ཟླ་བ་ཉ་བ་འདུག་པ་ལྟ་བུར་བལྟ་ན་སྡུག་པ་ཡང་ཡིན་ནོ།། སྨྱོན་པ་ལྟ་བུར་ལྒ་དང་། མྱི་རྣམས་ཀྱིས་ཕྱག་བྱ་བའི་གནས་ཀྱང་ཡིན་ནོ།། ཉི་མ་ཤ་རད་པ་ལྟ་བུར་སྣང་བར་བྱེད་པ་ཡང་ཡིན་ནོ།། ནགས་ན་འདུག་པའི་མབྱ་ལྟ་བུར་སྐད་སྙན་པ་ཡ
69b8 ཡིན་ནོ།། རིའི་ཕུག་ན་འདུག་པའི་སེང་གེ་ལྟ་བུར་ཆོས་ཀྱི་སྒྲ་ཆེན་པོ་སྤོགས་པ་ཡང་ཡིན་ནོ།། སེམས་ཤིནད་ཏུ་དུལ་བའི་གླང་པོ་ཆེན་པོ་ལྟ་བུར་ཅང་ཤེས་ཀྱི་ཟས་ལ་ལོངས་སྤྱོད་པ་ཡང་ཡིན་ནོ།། ཆོས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བ་ལྟ་བུར།
69b9 ཆོས་ཀྱི་རྒྱལ་སྲིད་སྟོནད་པ་ཡང་ཡིན་ནོ།། ཀླུའི་ཚོགས་རྩེ་བ་ལྟ་བུར་ཆོས་ཀྱི་སྤྲིན་འགྱེད་པ་ཡང་ཡིན་ནོ།། ཀླུའི་བདག་པོ་ཆར་ཆེན་པོ་འབེབས་པ་ལྟ་བུར། ཆོས་ཀྱི་འབྲུག་སྨྲ་མངོན་པར་སྒྲོགས་པ་ཡང་ཡིན་ནོ།། བརྒྱ་བྱིན་ལྟ་བུར་དུས་སུ་ཆོས་ཀྱི




iiif viewer powered by OpenSeadragon

69a - 70a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo