| e-texts navigator |
| Wylie |
69a1 ཁྲིམས་ཀྱི་ཕུང་པོ་མཐའ་ཡས་པའི་བྱུག་པ་དང་ལྡན་པའོ།། ཚངས་པའི་གཡོག་འཁོར་དང་ལྡན་པའོ།། ཚངས་པའི་ལམ་མྱ་ངན་ལས་འདས་པའི་ལམ་དང་ལྡན་པའོ།། ལམ་བཟང་པོ་བསྟོན་པའོ།། ཐ་རད་པའི་ལམ་དུ་ཁྲིད་།
69a2 པའོ།། འགྲོགས་ན་བདེ་བའི་མཛའ་བཤེས་དང་། མཛའ་བའི་མཆོག་དང་ལྡན་པའོ།། སེམས་ཅན་ཐམས་ཅད་ཀྱི་རྩ་ལག་གོ།། སྙིང་རྗེ་ཆེན་པོ་དང་ལྡན་པའོ།། སེམས་ཅན་ཐམས་ཅད་ཀྱི་ཕན་པ་ཚོལ་བའོ།། སྐྱེས་བུ་མཆོག་གོ།། སྐྱེས
69a3 བུ་ཆེན་པོའོ།། སྐྱེས་བུ་དམ་པའོ།། སྐྱེས་བུ་ཁྱུ་མཆོག་གོ། སྐྱེས་བུ་སེང་གེའོ།། སྐྱེས་བུ་པད་མོའོ།། སྐྱེས་བུ་པད་མ་ཀར་པོའོ།། སྐྱེས་བུ་གཅེས་པ་འཛིན་པའོ།། སྐྱེས་བུ་གཙོ་བོའོ།། སྐྱེས་བུ་ཅང་ཤེས་སོ།། སེམས་ཅན་ཐམས་ཅད་འཕོངས
69a4 པ་དང་། སྡུག་བསྔལ་བ་ལས་ཐ་རང་པར་བྱེད་པའོ།། སེམས་ཅན་ཐམས་ད་ལ་སྙིང་བརྩེ་བའོ།། སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བའོ།། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་གཅོད་པའོ།། བདུད་རྩིའི་ཆོས་ཀྱི
69a5 མཆོག་སྟོནད་པའོ།། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡང་དག་པར་འཛིནད་པའོ།། ཆོས་ཐམས་ཅད་ལ་དབང་བྱེད་པ་ཐོབ་པའོ།། སེ་མས་ཅན་ཐམས་ཅན་གྱི་བདག་པོའོ།། ཕ་མ་དང་ཉེ་དུར་གྱུར་པའོ།།
69a6 འཇིག་རྟེན་གྱི་ཆོས་བརྒྱད་ལས་ཡང་དག་པར་འདས་པའོ།། འཇིག་རྟེན་ཐ་མས་ཅད་ཀྱི་རྗེས་སུ་མཐུན་པའོ།། ཆོས་ཀྱི་དབང་ཕྱུག་གོ་སེམས་ལ་དབང་བྱེད་པའོ།། བསྟན་ཆོས་དང་ཡི་གེ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ
69a7 ཕྱིནད་པའོ།། བྱང་ཆུབ་དང་ཐམས་ཅད་མཁྱེནད་པ་ཉིད་ནི་དེའི་སེམས་ཀྱི་གྲོགས་བྱེད་པའོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ནི་དེའི་གོས་དང་ཟས་དང་། སྐོམ་དང་བཟའ་བའི་བྱ་བ་བྱེད་པའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ནི་དེའི་དུས
69a8 ཚིགས་ཀྱི་བདེ་བ་བྱེད་པའོ།། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་ནི་དེའི་ཐམས་ཅད་ལས་མྱི་འཇིགས་པར་བྱེད་པའོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ནི་དེའི་ལེགས་པར་བྱ་བའི་ལས་བྱེད་པའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་ནི
69a9 དེའི་འགྱོད་པ་མྱེད་པར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ནི་དེའི་ཆོས་ཐམས་ཅད་ཡོངས་སུ་དག་པར་བྱེད་པའོ།། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིནད་པ་ནི་དེའི་གཉི་ཀའི་དོན་བྱེད་པའོ།། སྔོན་ལ།