| e-texts navigator |
| Wylie |
68b1 པའི་ཐོས་པ་དང་ལྡན་པའོ།། དྲིལ་རྗེས་སུ་འཆགས་པ་མྱེད་པའོ།། དྲིལ་ཁོར་ཁྲོ་བ་མྱེད་པའོ།། དྲི་ཐམས་ཅད་རིག་པའོ།། དྲན་པ་ཉེ་བར་གཞག་པ་བཞིའི་མགོ་དང་ལྡན་པའོ།། ཚངས་པའི་གནས་པ་བཞིའི་སྒྲ་དྲི་ཞིམ་པོ་དང་ལྡན།
68b2 བའོ།། རྣམ་པར་ཐ་རད་པ་གསུམ་གྱི་གཙུག་པུད་དང་ལྡན་པའོ།། ཡང་དག་པར་སྤོང་བ་བཞིའི་ཐལ་གོང་ཤིན་ཏུ་རྒྱས་པ་དང་ལྡན་པའོ།། རྫུ་འཕྲུལ་གྱི་རྐང་པ་བཞིའི་དཔུང་མགོ་དང་ལྡན་པའོ།། སྟོབས་ལྔའི་ཐོང་ཀ་ཤིན་ཏུ་ཡངས་པ
68b3 དང་ལྡན་པའོ།། དབང་པོ་ལྔའི་ལྟེ་བ་ཤི་ནད་ཏུ་ཟབ་པ་དང་ལྡན་པའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ལྟོ་བ་དང་ལྡན་པའོ།། ལམ་ཡན་ལག་བརྒྱད་པའི་སྟ་ཟུར་དང་ལྡན་པའོ།། ཡེ་ཤེས་མཐའ་ཡས་པའི་སྤུའི་ཁུང་བུ་དང་ལྡན་པའོ།།
68b4 དགེ་བའི་རྩེ་བ་ཕུན་སུམ་ལོགས་པ་ཐམས་ཅད་འདྲེན་པའི་ལག་པ་དང་ལྡན་པ་པའོ།། དགེ་བ་བཅུའི་ལས་ཀྱིལམ་ལེགས་པར་སྲུང་བའི་སོར་མོ་དང་ལྡན་པའོ།། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཆོས་ཉིད་མཐོང་བ་དང་སྒོམ་པའི་སེན་མོ
68b5 དང་ལྡན་པའོ།། ཆོས་ཐམས་ཅད་ལ་སོམ་ཉི་མྱེད་པའི་རྩིབས་ལོགས་དང་ལྡན་པའོ།། སའི་རིམ་པའི་ཚུལ་ཐོས་པའི་སྐལ་ཚིགས་དང་ལྡན་བའོ།། དུས་ལས་མྱ་འདའ་བར་ཆོས་སྟོནད་པའི་སྟབས་དང་ལྡན་པའོ།།
68b6 བསམ་གཏན་དང་རྣམ་པར་ཐ་རད་པ་དང་། ཏིང་ངེ་འཛིནད་དང་། སྙོམས་པ་ར་འཇུག་པ་ཐམས་ཅད་ལ་ཡོངས་སུ་སྦྱང་བ་ལེགས་པར་བྱས་པའི་ཞི་གནས་དང་། ལྷག་མཐོང་གི་བརླ་དང་ལྡན་པའོ།། ཆོས་ཀྱི་ངེས་པ་ལ་འཇུག
68b7 པའི་བུས་མོ་དང་ལྡན་པའོ།། ཆོས་ཇི་ལྟ་བ་བཞིན་དུ་གོནང་པའི་རྗེ་དར་དང་ལྡན་པའོ།། ཆོས་རྟོགས་པས་བསྲུངས་པའི་རྣམ་པར་དྲན་པ་དང་ལྡན་པའོ།། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལོང་མོ་དང་ལྡན་པའོ།། ཕྱོག་པ
68b8 བཅུར་འགྲོ་བའི་རྐང་པ་དང་ལྡན་པའོ།། བསྟན་པ་མཚམས་འབྱོར་པའི་འགྲོ་ཞིང་འོང་བ་དང་ལྡན་པའོ།། རོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་གོས་གྱོན་པའོ།། བྱང་ཆུབ་ཀྱི་ཡན་ལག་ཀྱི་ཆོས་ཀྱི་མེ་ཏོག་གི་འཕྲེང་བས་བརྒྱན་པའོ།། ཤིན
68b9 ཏུ་རྣམ་པར་སྤེལ་པའི་ཚིག་གིས་ཆོས་སྟོནད་པའོ།། མཐུན་པ་དང་མྱི་མཐུན་པ་དང་བྲལ་བའོ།། འཆི་འཕོ་བ་དང་། འགྲོ་བ་དང་སྐྱེ་བའི་ཤེས་རབ་དང་། ཡེ་ཤེས་དང་། མངོན་པར་ཤེས་པ་ཟབ་མོའི་ཕྱི་མའི་སྒོ་བས་བསྒོམ་པའོ།། ཚུལ