e-texts navigator
Collection
Volume
Page
Wylie

67b1 ཤི་ནད་ཏུ་རྣམ་པར་དག་པའི་ཕྱིར་རོ།། དཔེར་ན་ཡི་གེ་རྣམས་ནི་གང་ནས་ཀྱང་མ་འཕོས་ལ། གོ་བར་ཡང་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་གང་ནས་ཀྱང་མ་འཕོས་ལ། གོ་བར་ཡང་བྱེད་དེ་གཞན་གྱི་སེམས་ཀྱང་རྣམ་པར་དག་པར་བྱེད་དོ།། །
67b2 དཔེར་ན་ཡི་གེ་བརྗོད་པ་རྣམས་ཀྱང་ཕྱོགས་དང་ཕྱོགས་མཚམས་སུ་འགྲོ་བ་མྱེད་ལ། མ་བརྗོད་པ་རྣམས་ཀྱང་ནང་དུ་སྩོགས་པ་མྱེད་པ་དེ་བཞིན་དུ་ཆོས་བརྗོད་པ་འམ། བསྟན་པ་ཐམས་ཅད་ཀྱང་ཕྱོགས་དང་ཕྱོགས་མཚམས་སུ་འགྲོ་བ་མྱེད་ལ། མ
67b3 བསྟན་པ་རྣམས་ཀྱང་ནང་དུ་སྩོགས་པ་མྱེད་དོ།། དཔེར་ན་ཡི་གེ་རྣམས་ནི་གཟུགས་མྱེད་ཅིང་བསྟན་དུ་མྱེད་པར་འབྱུང་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་གཟུགས་མྱེད་ཅིང་བསྟན་དུ་མྱེད་པར་སེམས་ཀྱི་དམྱིགས་པ་རྣམས་ལས་འབྱུང་ངོ་།། དཔེར་ན
67b4 ཡི་གེ་རྣམས་ནི། སྐད་ཅིག་པ་དང་། ཡ་མ་བཛྲ་དང་། གསོ་བ་དང་། གསོག་ཡི་ན་ལ། དེ་རྣམས་ཀྱི་བྱེད་པ་པོ་འགའ་ཡང་མྱེད་པ་དེ་བཞིན་དུ། ཆོས་ཐམས་ཅད་སྐད་ཅིག་པ་དང་། ཡ་མ་བཛྲ་དང་། གསོ་བ་དང་། གསོག་ཡིན་ལ། དེ་རྣམས
67b5 ཀྱི་བྱེད་པ་པོ་འགའ་ཡང་མྱེད་དོ།། དཔེར་ན་ཡི་གེ་རྣམས་ནི་ཆགས་པ་ཡ་ད་མྱེད། སྡང་བ་ཡང་མྱེད། རྨོངས་པ་ཡང་མྱེད་པར་འབྱུང་ལ། ཡི་གེ་ན་མ་པར་རིག་བྱེད་དེས་ཀྱང་། བྱས་པ་རྣམས་རྗེས་སུ་འཆགས་པ་འམ
67b6 ཁོང་ཁྲོ་བ་འམ། རྨོངས་པར་འགྱུར་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཆགས་པ་འང་མྱེད། སྡང་བ་ཡང་མྱེད། རྨོངས་པ་ཡང་མྱེད་པར་ཡོངས་སུ་རྟོག་པ་ལ་མངོན་པར་ཞེན་པས། འདོད་ཆགས་དང་ཞེ་སྡང་དང་གཏི
67b7 མུག་སྐྱེ་བར་འགྱུར་རོ།། དཔེར་ན་ཡི་གེའི་བརྡས་ནི་འབྲས་བུ་འཐོབ་པ་ཡང་བསྟན་ལ། ཡི་གེ་རྣམས་ཀྱི་ཐོབ་པ་ཡང་མྱེད། མངོན་གསུམ་དུ་བྱ་བ་ཡང་མྱེད་པ་དེ་བཞིན་དུ། ཆོས་རྣམ་པར་གཞག་པས་འབྲས་བུ་འཐོབ་པ་བསྟན་མོད་ཀྱི
67b8 འདི་ལ་ཆོས་འགའི་འཐོབ་པ་འམ། མངོན་གསུམ་དུ་བྱ་བ་ཡང་མྱེད་དོ།། དཔེར་ན་ཆོས་གང་ཡང་ཡི་གེ་རྣམས་ཀྱིས་མ་བསྡུས་པ་མྱེད་པ་དེ་བཞིན་དུ་ཆོས་གང་ཡང་བྱང་ཆུབ་ཀྱིས་མ་བསྡུས་པ་མྱེད་དེ། ཀླུའི་བདག་པོ་དེ་ལྟར་ན་མྱི་ཟད
67b9 པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཡི་གེ་རྣམས་ཁོ་ནས་བྱང་ཆུབ་ཚོལ་བར་བྱེད་དོ།། ཡི་གེ་རྣམས་ཁོ་ནས་བྱང་ཆུབ་སྟོནང་པར་བྱེད་དོ།། ཡི་གེ་རྣམས་ཁོ་ནས་བྱང་ཆུབ་གླེང་བར་བྱེད་དོ།། ཡི་གེ་རྗེས




iiif viewer powered by OpenSeadragon

67a - 68a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo