| e-texts navigator |
| Wylie |
66a1 རྗེ་སྣོད་རྣམས་དང་། སྡེ་སྣོད་དེ་ལ་འཇུག་པ་རྣམས་དང་། གཟུངས་ཀྱི་སྒོའི་ཕྱག་རྒྱ་ལ་འཇུག་པ་རྣམས་དང་། བསྒྲེ་བ་དང་། བསྒྲེ་བ་མ་ཡིན་པ་ལ་མཁས་པ་དང་། ལུས་དང་ངག་དང་། སེམས་ཀྱི་རྒྱན་བཀོད་པ་དང་། སངས་རྒྱས་ཀྱི་ཞིང་གི
66a2 ཡོན་ཏན་བཀོད་པ་ཡོངས་སུ་འཛིན་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་ཚོགས་བསྩགས་པ་རྣམས་དང་། སེམས་ཅན་ཡོངས་སུ་སྦྱང་པའི་ཡེ་ཤེས་ལ་འཇུག་པ་རྣམས་དང་། དམ་པའི་ཆོས་ཡོངས་སུ་འཛིནད་པ་དང་། མཐུན་པ་དང་སྟོབས་དང་། བརྩོན་འགྲུས
66a3 དང་། ཕ་རོལ་དུ་ཕྱིནད་པ་ཐམས་ཅད་ཉེ་བར་བརྟན་པ་ཤེས་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བཀོད་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཇི་སྙེད་པ་ཞེས་ཚིག་ཏུ་སྨྲ་བ་ན། མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ཡང་དག་པར་སྨྲ་བས་སྨྲ་བར་བྱའོ།།
66a4 ཀཱཟླའི་བདག་པོ་སེམས་ཅན་གྱི་བརྡའ་རྗེས་སུ་འཇུག་པ་འམ། ཆོས་ཀྱི་བརྡའ་རྗེ་སྲ་སུ་འཇུག་པའི་ཡ་གེ་གང་ཡིན་པ་དེ་དག་ཐམས་ཅད་ནི་མྱ་ཟད་པའི་ཟ་མ་ཏོག་ག་གཟུངས་ཀྱི་རྗེས་སུ་འཇུག་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའས་ཡི་གེ་དེ་དང་། དེ
66a5 རྣམས་ཀྱི་ཚུལ་གྱི་དགོངས་པ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་བཟོད་པ་ནས་དག་པས་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་སླུ་བར་མྱི་བྱེད་དོ།། ཆོས་ཐམས་ཅད་དགའ་བས་ན། ཆོས་ཀྱི་ཀུན་དགའ་ལ་དགའ་བ་ལ་སླུ་བར
66a6 མྱི་བྱེད་དོ།། ཆོས་ཐམས་ཅད་དོན་དམ་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ངེས་པའི་དོན་ལ་སླུ་བར་མྱི་བྱེད་དོ།། ཆོས་ཐམས་ཅད་མྱིག་ཡིན་པས་ན། ས་ཐམས་ཅད་ཀྱི་སྣང་བ་ལ་སླུ་བར་མྱི་བྱེད་དོ།། ཆོས་ཐམས་ཅད་ཀྱི་མྱིང་ཙ
66a7 ཟད་པས་ན། ཆོས་ཐམས་ཅད་ཀྱི་བརྡ་ལ་སླུ་བར་མྱི་བྱེད་དོ།། ཆོས་ཐམས་ཅད་ཐོབ་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་དགོངས་པའི་སྦྱོར་བ་ལ་སླུ་བར་མྱི་བྱེད་དོ།། ཆོས་ཐམས་ཅད་དུལ་བས་ན། ཆོས་ཐམས་ཅད་ཀྱི་ཅང་ཤེས་ཉིད་ལ་སླུ་བར་མྱི་བྱེད་དོ།།
66a8 ཆོས་ཐམས་ཅད་ཞི་བས་ན། ཆོས་ཐམས་ཅད་ཀྱི་སྣང་བ་ཉིད་ལ་སླུ་བར་མྱི་བྱེད་དོ།། ཆོས་ཐམས་ཅད་སྟོབས་དང་བྲལ་བས་ན། ཆོས་ཐམས་ཅད་ཀྱི་སྟོབས་མྱེད་པ་ཉིད་ལ་སླུ་བར་མྱི་བྱེད་དོ།། ཆོས་ཐམས་ཅད་ཚིག་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི
66a9 མྱི་སྐྱེ་བ་ཉིད་ལ་སླུ་བར་མྱི་བྱེད་དོ།། ཆོས་ཐམས་ཅད་དད་པ་དང་ལྡན་པས་ན། ཆོས་ཐམས་ཅད་ཀྱི་མོས་པ་ལ་སླུ་བར་མྱི་བྱེད་དོ།། ཆོས་ཐམས་ཅད་ཀྱི་ཚིག་གི་ལམ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་བརྗོད་པ་ལ་སླུ་བར་མྱི་བྱེད་དོ།། ཆོས་ཐམས་ཅད་དེ