| e-texts navigator |
| Wylie |
65b1 དྲི་རིགས་པར་ཆོས་སྟོན་པའི་ཕྱིར་ཐབས་ཀྱི་སྟོབས་ཏོ།། བཞི་པོ་དེ་དག་ནི་སྟོབས་ཡིན་ནི།། ཀླུའི་བདག་པོ་བའི་པོ་འདི་དག་ནི་མྱི་མེད་པའི་ཐམ་ཏོག་གི་གཟུངས་ཀྱི་གཏེ་ཆེན་པོ་ཀྱི་ཟད་པ་ཡིན་ཏེ། བཞི་གང་ཞེན། འདི་ལྟ་སྟེ། དཀོན་མཆོག་གསུམ
65b2 གྱི་གདུང་མྱི་འཆད་པའི་གཏེར་ཆེན་པོ་མྱི་ཟད་པ་དང་། ཆོས་རྟོགས་པ་ཚད་མྱེད་པའི་གཏེར་ཆེན་པོ་མྱི་ཟད་པ་དང་། སེམས་ཅན་ཐམས་ཅད་མགུ་བར་བྱ་བའི་གཏེར་ཆེན་པོ་མྱི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོ་མྱི་ཟད་པ་སྟེ།
65b3 བཞི་པོ་འདི་དག་ནི་གཏེར་ཆེན་པོ་མྱི་ཟད་པ་ཡིན་ནོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཚད་མྱེད་པ་ཉིད་དེ། བཞི་གང་ཞེ་ན་འདི་ལྟ་སྟེ། ཐོས་པ་ཚད་མྱེད་པ་ཉིད་དང་། ཤེས་རབ་ཚད་མྱེད་པ་ཉིད་དང་། ཡོངས་སུ་སྔོ
65b4 པ་ཚད་མྱེད་པ་ཉིད་དང་། ངེས་པའི་ཚིག་བསྟན་པ་རྣམས་ལ་སྒྲ་ཚད་མྱེད་པ་ཉིད་དེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་དོན་ཡོད་པ་ཉིད་དེ། བཞི་གང་ཞེ་ན། ཆོས་བསྟན་པ་དོན་ཡོད་པ་ཉིད་དང་།
65b5 བདེན་པའི་ཚིག་བསྟན་པ་དོན་ཡོད་པ་ཉིད་དང་། ཆོས་ལ་སྦྱོར་བ་རྣམ་པར་ད་བྱེ་བ་དོན་ཡོད་པ་ཉིད་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དོན་ཡོད་པ་ཉིད་དེ། ཞ་བོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མྱ་ཟད་པའི་ཟ་མ་ཏོ།།
65b6 ཀི་གཟུངས་ལ་མྱི་འཇིག་པ་ཐོབ་པ་སྟེ། བའི་གང་ཞེ་ན། འདི་ལྟ་སྟེ། ངན་གྲོ་ཐམས་ཅད་ཀྱིས་མྱི་འཇིགས་པ་ཐོབ་པ་དང་། འཁོར་རྣམས་ཀྱི་ནང་དུའིལོ་ས་ནོན་པས་མྱི་འཇིགས་པ་ཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི
65b7 གཟོད་པས་ཀྱི་འཇིསས་པ་ཐོབ་པ་དང་། སངས་རྒྱས་ཀྱིས་པ་འདུག་པ་ལ་མྱི་འཇིགས་པ་ཐོབ་པ་སྟེ། བའི་བློ་འདི་དས་ནི་མི་མམ་པའི་མམཆོག་ནི་གཟུངས་ལ་མི་འཇིགས་པ་ཟློམ་པ་ཡིན་པ་ག་པར་བྱམེ། ཀླུའི་བདག་ཟེ་ས་ན་གྱི་འདུནན།
65b8 བ་མ་ཏོག་གི་གཟུངས་ནི་ཡོན་ཏན་བསྟན་པ་ཚད་མྱེད་པ་དང་། ཤེས་རབ་ལ་འཇུག་པ་ཚད་མྱེད་པའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་རྣམས་དང་། བྱང་ཆུབ་སེམས་དཔའི་ནི་པཱར
65b9 རྩེ་བ་རྣམས་དང་། བྱང་ཆུབ་སེམས་དཔའི་རྒྱ་ཆེར་ཆེ་བ་རྣམས་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་རྒྱན་བཀོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ལམ་རྣམས་དང་། བྱང་ཆུབ་སེམས་དཔའི་སྣོད་རྣམས་དང་། བྱང་ཆུབ་སེམས་དཔ