| e-texts navigator |
| Wylie |
65a1 མཀྱི་ཆུབ་ཡོངས་སུ་རྩོལ་བ། མཐར་སྨིན་པ་མྱེད་པ་དང་། སེམས་ཅན་མོངས་སུ་སྦྱིན་པར་བྱ་བ་ཡོངས་སུ་རོལ་པ་མཐར་ཕྱིནད་པ་བྱེད་པ་དང་། ཐམས་ཅད་མ་བྱེདད་པའི་ཡེ་ཤེས་ཡོངས་སུ་ཚོལ་བ་མཐར་ཕྱིན་པསྐྱེད་པ་སྟེ། བནི་ཡོན
65a2 དེགེ་སོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མྱི་ཟད་པའི་ཐ་མ་ཏོག་གི་གཟུངས་ལ་ཆོག་ཀྱི་ཤེས་པ་སྟེ། བཞི་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་མངོན་གསུམ་དུ་ཆོས་མཉན་པས་ཆོག་མྱི་ཤེས་པ་དང་། སེམས་ཅན་རྣམས་ལས་ཆོས་བསྟན།
65a3 པས་ཆོག་མྱི་ཤེས་པ་དང་། དགེ་བའི་རྩ་བ་ཡོངས་སུ་ཚོལ་བས་ཆོག་མྱི་ཤེས་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བཀུར་བསྟི་བྱ་བས་ཆོག་མྱི་ཤེས་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་དག་ནི་མྱ་ཟད་པའི་ཟ་མ་ཏོག་གི་གཟུངས་ལ།
65a4 ཚུགས་པར་དཀའ་བ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། བདུད་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། ཕས་རྒོལ་བ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། གཞན་གིས་བྱས་པའི
65a5 ཐམས་ཅད་ཀྱིས་ཚུགས་པར་དཀའ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་མ་འདྲེས་པ་སྟེ། བཞི་ཀ། ང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་། མ་འདྲེས་པ་དང་། རྙེད་པ
65a6 དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་ཀྱིས་མ་འདྲེས་པ་དང་། བཀ་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་དང་མ་འདྲེས་པ་དང་། སོ་སོའི་སྐྱེ་བོའི་ཉེས་པ་ཐམས་ཅད་དང་མ་འདྲེས་པ་སྟེ། བཞི་པོ་དེ་དག་མ་འདྲེས་པ་ཡིན་ནོ།།
65a7 ཀླུའི་བདག་པོ་བཞི་པོ་འདི་དག་ན་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་སྨད་དུ་མྱེད་པ་སྟེ། བཞི་གང་ཞེ་ན། སྐྱེ་བ་སླད་དུ་མྱེད་པ་དང་། ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བ་སྨད་དུ་མྱེད་པ་དང་། ཆོས་བསྟནད་པའི་བྲེ་མོ་གཏམ་གཅིག་པུ
65a8 སྲིད་དུ་བྱེད་པ་དང་། ཐེས་པཆེན་པོ་མ་སྔོལ་པའི་ཕྱི་གྲོང་ས་པོ་འང་དུ་བྱེད་པརྨོ་པར་བ་འདི་ནི་མེད་དུ་བྱེད་པ་ཡིན་ནོ།། ཀླུའི་དན་ཐབནི་པོ་འདི་དག་ནི་ཁྱི་འདྲ་པའི་ལམ་ཏོག་གི་གསུངས་ཀྱི་གཟོས་ཡིན་ཏེ། བའི་གང་རེར། སེམས་ཅན་ཐམས་།
65a9 ཉེས་པ་བྱས་པ་བཟོད་པའི་ཕྱིར། བཟོད་པའི་གོམས་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅོད་པའི་ཕྱིར་ལེ་ཤེས་ཀྱི་སྟོབས་དང་། སེམས་ཅན་ཐམས་ཅད་ཀྱིས་སེམས་དང་པྱོད་པ་ཡོངས་སུ་ཤེས་པའི་ཕྱིར། མངོན་པ་མཤེས་པའི་སྟོཟས་དང་། རློ།