e-texts navigator
Collection
Volume
Page
Wylie

63b1 ཚིག་ཐམས་ཅད་ཀྱི་སྔོན་གི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་གཅོད་པའི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་ལྡེམ་པོར་དགོངས་པ་སྟོནད་པ་ནི། སངས་རྒྱས་ཡིན་ཏེ། དེས་ན་སངས
63b2 རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་ལན་མཁྱེནད་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་རྒྱུ་དང་དམྱིགས་པ་དང་ཐ་སྙད་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང
63b3 ཞེས་བྱའོ།། ཚིག་ཐམས་ཅད་བྲག་ཆ་དང་འདྲ་བར་ཡང་དག་པར་གཞོལ་བར་མཁྱེན་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཀླུའི་བདག་པོ་གཞན་ཡང་ཡི་གེ་ཅི་ཡང་རུང་བ་དང་། ཚིག་ན་ཡང་རུང་བ་དེ་དག་ནི་སངས་རྒྱས་ཀྱི
63b4 གསུང་མ་ཡིན་པ་མྱེད་དོ།། དེ་ཅིའི་ཕྱིར་ཞེ། ཡི་གེ་དེ་དག་ཉིད་ནི་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པྲ་དང་། གསུང་བ་དང་། གསུང་བར་འགྱུར་བའི་ཕྱིར་རོ།། དེ་ལྟ་བས་ན་ཡི་གེ
63b5 ཐམས་ཅད་དང་། ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལྟ་བུའི་ཚིག་དོན་དེ་ལ་འཇུག་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་དོན་སོ།། སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཡི་གེ་ཐམས་ཅད་དང་། ཚིག་ཐོས
63b6 ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཆོས་ཀྱི་དབྱིངས་དབྱེར་མྱེད་ཅིང་རོ་ག། ཅིག་པར་ཤེས་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་སོ་སོ་ཡང་དག་པ་ར་རིག་པ་ཞེས་བྱའོ།། ཡི་གེ་ཐམས་ཅན་དང་ཚིག་ཐམས་ཅད་ན་སངས
63b7 ཀྱི་གསུང་ཡིན་ཏེ། དེ་ལ་ཅི་རིགས་པར་ཆོས་ལ་དཔྱོད་པ་ཤེས་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ།
63b8 དེ་ལ་ཅི་རིགས་པའི་གནས་ལས་ཆགས་པ་མྱེད་པར་སྟོན་པ་ཞེས་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་སྤོབས་པ་སོ་ས་ཡང་དག་པར་རིག་པ་ཞེས་བྱའོ།། ཀླུའི་བདག་པོ་དེ་སྐར་ན་སོ་སོ་ཡང་དག་པར་རིག་པ་བཞིས་མ་བསྡུས་པའི།
63b9 ཆོས་གང་ཡང་མྱེད་ལ། སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་ཡི་གེ་ཅི་ཡང་རུང་བ་དེ་དང་ཚིག་ཅི་ཡང་རུང་བ་དེ་དང་། ངེས་པའི་ཚིག་ཅི་ཡང་རུང་བ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བྱ་བ་ལ་འཇུག་སྟེ།




iiif viewer powered by OpenSeadragon

63a - 64a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo