| e-texts navigator |
| Wylie |
63a1 ཀྱི་གསུང་ནི་ངག་མྱེད་པ་སྒྲ་མྱེད་པ། ཚིག་གི་ལམ་མྱེད་པ། བརྗོད་དུ་མྱེད་པ། རྣམ་པར་རིག་པར་བྱེད་པ་མྱེད་པ། གདགས་པ་མྱེད་པ་མྱིང་མྱེད་པ། མཚན་མ་མྱེད་པ་དང་། བྱེ་བྲག་ཕྱེད་པ་མྱེད་པ་དང་། རྣམ་པར་ཤེས་པ་མྱེད་པ།
63a2 བསམ་དུ་མྱེད་པ། བསམ་གྱིས་མྱི་ཁྱབ་པ་ལ་འཇུག་པ་སྟེ། རབ་ཏུ་དབྱེ་བ་དང་། བརྡ་སྤྲད་པ་དང་། ཉེ་བར་བསྟན་པར་མྱི་ནུས་སོ།། ཀླུའི་བདག་པོ་སངས་རྒྱས་ཀྱི་གསུང་ནི་དེ་ལྟ་བུ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་ང་ནི་ཡི་གེ་འདོད
63a3 པའི་སེམས་ཅན་རྣམས་ལ་ཆོས་མྱ་སྟོན་མོད་ཀྱི། འོན་ཀྱང་ཡི་གེ་ཡོངས་སུ་ཤེས་པར་བྱ་བའི་ཆོས་སྟོནད་ཏོ།། དེ་བས་ན་སངས་རྒྱས་ཀྱི་གསུང་ནི་ཡི་གེ་མྱེད་པའོ།། ཀླུའི་བདག་པོད་ནི་བརྗོད་པ་འདོད་པ་ལ་ཆོས་མྱ་སྟོན་མོད་ཀྱི། འོན་ཀྱང
63a4 བརྗོད་པ་ཐམས་ཅད་བསལ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས་ན་སངས་རྒྱས་ཀྱི་གསུང་ནི་བརྗོད་པའོ།། ཀླུའི་བདག་པོ་ང་ནི་རྣམ་པར་རིག་པར་བྱེད་པ་ལ་མངོན་པར་ཞེན་པར་བྱ་བའི་ཕྱིར་ཆོས་མྱི་སྟོན་མོད་ཀྱི། འོན་ཀྱང་རྣམ་པར་རིག་པ
63a5 བྱེད་པ་དང་། ཡོངས་སུ་རྟག་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་ཆོས་སྷོ།། ནད་ཏེ། དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ནི་རྣམ་པར་རིག་པར་བྱེད་པ་མ་ཡིན་ནོ།། ཀླུའི་བདག་པོ་ང་ནི་ཆོས་བཟུང་བར་བྱ་བའི་ཕྱིར་དང་། ཆོས
63a6 སྤྲོས་པར་བྱ་བའི་ཕྱིར་དང་། ཆོས་ཡོངས་སུ་བརྟག་པར་བྱ་བའི་ཕྱིར་དང་། ས་སྐྱེད་པར་བྱ་བའི་ཕྱིར་དང་། ཆོས་འགག་པར་བྱ་བའི་ཕྱིར་དང་། ཆོས་རྣམ་པར་འཇིག་པར་བྱ་བའི་ཕྱིར་དང་། ཆོས་གནས་པར་བྱ་བའི་ཕྱིར་དང་།
63a7 ཆོས་དམྱིགས་པར་བྱ་བའི་ཕྱིར་དང་། ཆོས་རློམ་སེམས་སུ་བྱ་བའི་ཕྱིར་དང་། ཆོས་ངོ་བོ་ཉིད་ཀྱི་ཕྱིར་དང་། ཆོས་རྟག་པར་བྱ་བའི་ཕྱིར་དང་། ཆོས་མཚན་མར་བྱ་བའི་ཕྱིར་དང་། ཆོས་ལ་སྒྲིབ་པར་བྱ་བའི་ཕྱིར་ཆོས་འཆད་པར་བྱ་བའི་ཕྱིར་ཆོས
63a8 སྟོནང་ཏོ།། ཀླུའི་བདག་པོ་ང་ནི་ཆོས་གང་ཡང་སྤང་བར་བྱ་འམ། འགག་པར་ལྔ་བའི་ཕྱིར་ཆོས་ཀྱི་སྟོན་མོད་ཀྱི། འོན་ཀྱང་ང་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྒོ་བཏགས་པ་མྱེད་པའི་ཕྱིར་ཆོས་སྨོན་ཏེ། ཀླུའི་བདག་པོ་དེ་ལྟ་བས་ན་ཆོས་ཐམས
63a9 ཅད་རང་བཞིན་གིས་སྒྲོ་བཏགས་པ་མྱེད་པ་གང་ཡིན་པ་འདི་ནི། སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཅིའི་ཕྱིར་དེ་ལ་སངས་རྒྱས་ཀྱི་གསུང་ཞེས་བྱ་ཞེ་ན། ཚིག་ཐམས་ཅད་ཀྱི་ཚུལ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།།