| e-texts navigator |
| Wylie |
62b1 དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་ཞི་གནས་དང་། ལྷག་མཐོང་གྱི་དོན་དང་། ཇི་ལྟ་བ་བཞིན་དུ་རང་བཞིན་གིས་མ་སྐྱེས་པའི་དོན་དང་། ཕུང
62b2 པོ་དང་ཁམས་དང་སྐྱེ་མཆེད་དང་། དབེན་པའི་དོན་དང་། ཆོས་གང་རྗེས་སུ་རྟོགས་ནས་ཆོས་རྣམས་དང་། ཆོས་མ་ཡིན་པ་རྣམས་གཉིས་སུ་མྱི་འབྱེད་པ་དང་། ཆོས་ཐམས་ཅད་ཀྱང་གཏན་ཏུ་མངོན་པར་མྱི་འགྲུབ་པར་རབ་ཏུ་ཤེས་པ་དང་། སྐྱེ་བ་མྱེད་པ་དང་།
62b3 ཆད་པ་སྐྱེད་པ་དང་། རྟག་པ་མྱེད་པ་དང་། རྟེན་ཅིང་འབྲེལ་ད་པར་འབྱུང་བ་ཐོབ་པ་རྣམས་དང་། རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པ་རྣམས་དང་། དེ་ལྟར་འདུས་མ་བྱས་པའི་ཆོས་མཐོང་བས། ཡང་དག་པར་ངེས་པར་ལ་འཇུག་ལ། ཆོས
62b4 ནམས་ཀྱི་ངེས་པ་ལ་ཡང་མྱི་རྟོག། རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་དང་ཡང་བྲལ་བ་དང་། བྲི་བ་ཡང་མྱེད། བསྣན་པ་ཡང་མྱེད་པ་དང་། མུན་པ་ཡང་མྱེད། སྣང་བ་ཡང་མྱེད་པ་དང་། ནམ་མཁའི་ངོ་བོ་ཉིད་དང་མཉམ
62b5 པ་ཉིད་ཐོབ་པ་དང་། རང་བཞིན་གྱིས་མཚན་ཉིད་དང་། མཉམ་པའི་མཚན་ཉི་དེ་དང་། མཚན་ཉིད་མྱེད་པ་དང་། མཚན་ཉིད་མྱེད་པ་མ་ཡིན་པ་དང་། མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པ་དང་། འདུ་ཤེས་ཐམས་ཅད་དང་བྲལ་བ་སྔ
62b6 རིག་པ་མྱེད་པ་དང་། ཚོར་བ་ཐམས་ཅད་རྒྱུན་བཅད་པ་དང་། ཕྱིན་ཅི་ལོག་མཉམ་བ་ཉིད་དུ་མཐོང་བ་ནི་ཐ་སྙད་ཀྱི་སྒོ་ནས་འབྲས་བུ་ཐོབ་པ་ཞེས་བྱ་བ་སྟེ། རོ་ན་དམ་པར་ནི་མ་ཡིན་པ་དང་། དེས་ཅི་ཡང་ཐོབ་པ་མྱེད་ལ། མ་ཐོབ་པ
62b7 མྱེད་པ་དང་བླངས་པ་ཡང་བྱེད། བོར་བ་ཡང་མྱེད་པ་སྟེ།། ཀླུའི་བདག་པོ་དེ་ལྟར་ན་ངེས་པར་འབྱུང་བའི་ཆོས་གང་དག་ཡིན་པ་རྣམས་སྟོན་ཅིང་འཆད་པ་གང་གིས། ཉན་ཐོས་རྣམས་ཀྱིས་ཉན་ཐོས་ཀྱི་ཤེས་པ་ཐོབ་པ་དང་། རང་སངས་རྒྱས་རྣམས་ཀྱིས
62b8 རང་སངས་རྒྱས་རྣམས་ཀྱི་ཤེས་པ་འཐོབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མྱི་སྐྱེ་བའི་ཆོས་རྣམས་སུ་བཟོད་པ་ཐོབ་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ
62b9 བར་འགྱུར་བ་འདི་ནི་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། དེ་ཡང་ཀུན་རྫོབ་ཀྱི་གཞིའི་གནས་ལས་བརྟེན་པ་ཡིན་གྱི་དོན་དམ་པར་ནི་ཇི་ལྟར་ཡང་། སངས་རྒྱས་ཀྱི་གསུང་ཐ་སྙད་དུ་གདགས་པར་མྱི་ནུས་ཏེ། སངས་རྒྱས་ཀྱི་གསུང་ནི་ཚིག་མྱེད་དོ།། སངས་རྒྱས