| e-texts navigator |
| Wylie |
62a1 སྨོན་ལམ་གྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ལ། ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་འཇིག་རྟེན
62a2 པའི་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། ངེས་པའི་གཏམ་དང་། རབ་ཏུ་བྱུང་བ་དང་། ངེས་པར་བྱུང་བའི་གཏམ་དང་། ཚངས་པར་སྤྱོད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད
62a3 བསྙུངས་པའི་གཏམ་སངས་རྒྱས་ཀྱི་གསུང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བ་དང་འགོག་པར་འགྱུར་བའི་ཕྱིར། སྐྱེ་བ་མ་ཡིན་པ་ཁམས
62a4 གསུམ་ན་སྤྱོད་པ། ངེས་པར་འབྱུང་བར་འགྱུར་བ་མ་ཡིན་པ་དེ་དག་ཐམས་ཅད་ནི། འཇིག་རྟེན་པའི་ཡིན་གྱི། དེ་དག་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ།། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང
62a5 གཟུགས་མྱེད་པའི་སྙོམས་པར་འཇུག་པ་བའི་དང་། མངོན་པར་ཤེས་པ་ལྔ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། འཇིག་རྟེན་པའི་སྦྱིན་པ་དང་། ཚུལ་ཁྲིམས་ད་པ། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཞེས།
62a6 པ་དང་། ཡི་གེ་དང་གྲངས་དང་། བགྲང་བ་དང་། ལག་རྩིས་ཤེས་པ་དང་། འབྱུང་ཁུར་ཤེས་པ་དང་། སྔགས་དང་སྨན་དང་། གསོ་བ་ཤེས་པ་དང་། ལས་དང་བཟོའི་གནས་ཤེ་ས་པ་དང་། མཚན་མ་དང་བཅས་པ་དང་ཆེད་དུ་བྱ་བ་དང་བཅས་པ་དང་། ཟང
62a7 དང་བཅས་པ་དང་། རྒྱུ་བ་དང་བཅས་པ་དང་རྫས་དང་བཅས་པ་ཤེས་པ་དང་། འཇིག་རྟེན་པ་དང་། ཁམས་གསུམ་ན་སྤྱོད་པ་གང་ཡིན་པ་དེ་དག་ནི། སངས་རྒྱས་ཀྱི་གསུང་མ་ཡིན་ནོ།། ཀླུའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བའི
62a8 ཆོས་སྔོན་མ་ཐོས་པ་གང་དག་ཡིན་པ་འདི་ལྟ་སྟེ། མྱི་རྟག་པའི་དོན་དང་། སྡུག་བསྔལ་བའི་དོན་དང་། བདག་མྱེད་པའི་དོན་དང་། ཞི་བའི་དོན་དང་། སྡུག་བསྔལ་ཡོངས་སུ་ཤེས་པའི་དོན་དང་། ཀུན་འབྱུང་བ་སྤང་བའི་དོན་དང་། འགོག་པ་མངོན་གསུམ་དུ་བྱ་བ།
62a9 དོན་དང་། ལམ་སྒོམ་པའི་དོན་དང་། སྟོང་པ་ཉིད་སྒོམ་པའི་དོན་དང་། མཚན་མ་མྱེད་པས་ངེས་པར་རྒ་ལད་པའི་དོན་དང་། སྨོན་པ་མྱེད་པས་ངེས་པར་འབྱུང་བའི་དོན་དང་། མངོན་པར་འདུ་བྱེད་པ་མྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བའི་དོན་དང