e-texts navigator
Collection
Volume
Page
Wylie

61b1 ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་ལ་བདེ་བའི་ཡོད་བྱེད་དེ་སྙེད་བྱིན་པ་གང་ཡིན་པ་དང་། དེ་དག་ལ་མྱི་རྟག་པ་དང་ལྡན་པ། ཚིག་ཅིག་ཙམ་བསྟན་ཏམ། སྡུག་བསྔལ་བ་དང་། ལྡན་པ་འམ། བདག་མྱེད་པ་དང་ལྡན་པའཾ
61b2 ཞི་བ་དང་ལྡན་པ་འམ། སྟོང་པ་ཉིད་དང་ལྡན་པ་འམ། མཚན་མ་མྱེད་པ་དང་ལྡན་པ་འམ། སྨོནད་པ་མྱེད་པ་དང་ལྡན་པ་འམ། སེམས་ཅན་མྱེད་པ་དང་། སྲོག་མྱེད་པ་དང་། གསོ་བ་མྱེད་པ་དང་། གང་ཟག་མྱེད་པ་དང་ལྡན་པ་འམ།
61b3 སྐྱེས་མ་བྱུང་བ་དང་ལྡན་པའི་ཚིག་གཅིག་ཙམ་བསྟན་ན། དེ་ཉིད་དེ་བས་བདེ་བའི་ཡོ་བྱད་དེ་བས་ཆེས་མང་དུ་བྱིན་པ་ཡིན་ཏེ། བསོད་ནམས་ཀྱང་ཆེས་མང་དུ་འཕེལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདུས་བྱས་ཀྱི་བདེ་བའི་ཡོ་བྱད།
61b4 ཐམས་ཅད་ནི་སེམས་ཅན་རྣམས་ཀྱིས་སྔོན་མྱོང་ཟིན་གྱི་འདུས་མ་བྱས་ཀྱི་བ་དེ་བའི་ཡོ་བྱད་ནི། སེམས་ཅན་རྣམས་ཀྱིས་སྔོན་མ་མྱོང་བའི་ཕྱིར་རོ།། ཀླུའི་བར་ཀ་པོ་དེ་ལ་འདི་ལྟར་ཟབ་མོའི་ཆོས་འདི་དག་ཐོས་པ་གང་ཡིན་པ་འདི་ནི
61b5 འདུས་མ་བྱས་ཀྱི་བདེ་བའི་ཡོ་བྱད་འདྲེན་པ་ཡིན་ཏེ། དེ་བས་ན་ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་བདག་གི་དོན་དང་གཞིན་གི་དོན་ཡོངས་སུ་རྫོགས་པར་བྱེ་ད་པ་འདོད་པ་རྣམས་ཀྱིས་ནི། ཆོས་ཟབ་མོ་རྣམས་ལ་བརྩོན་པར་བྱའོ།།
61b6 ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འཁོར་གྱི་ནང་དུ་འོངས་ལ། འཁོར་གྱི་ནང་དུ་འདུག་ནས་ཟབ་མོའི་གཏམ་གྱི་བར་ཆད་དེ་གཏམ་སྣ་ཚོགས་གླེང་བ་གང་ཡིན་པ་དེ་ནི། དམ་པའི་ཆོས་ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཡིན་ནོ།། དེ
61b7 ཅིའི་ཕྱིར་ཞེ་ན། འཇམ་བུའི་གླིང་འདིར་ཇི་སྲིད་དུ་ཟབ་མོའི་ཆོས་གྲག་པ་དེ་སྲིད་དུ་དམ་པའི་ཆོས་ནུབ་པར་མྱི་འགྱུར་བའི་ཕྱིར་རོ།། ཀྭའི་བདག་པོ་གཞན་ཡར་གྱི་ཆོས་འདོད་དེ། ཆོས་ཉན་པ་ནི་ཉུང་ལྔ་མྲི་མ་ཡིན་པ་ཆོས་ཉན་པ་ནི་མང་སྟེ། དེར་དེ།
61b8 པའི་ཆོས་སྨྲ་བ་པོ་གང་གིས་ཟབ་མོའི་གཏམ་ནི་འཆབ་པར་བྱེད་ལ་གཏམ་སྣ་ཚོགས་ནི་གླེང་བར་བྱེད་ན། དེར་ཟབ་མོ་ལ་མོས་པའི་ལྷ་རྣམས་ཡིད་མ་རངས་པར་འགྱུར་ཏེ། འདི་དག་དུ་རིགས་ཀྱི་བུ་འདི་ནི་གང་ཁོ་ན་ལ་འཇིག་རྟེན་པ་ཉོན་མོངས
61b9 པ་སྤྱོད་པ་དེ་ཉིད་ཀྱི་འཇིག་རྟེན་པའི་གཏམ་གླེང་དང་འདུག་སྟེ། ཀྱེ་རེ་ངན་འདི་ན་སངས་རྒྱས་ཀྱི་གསུང་མྱི་གྲག་གོ་ཞེས་ཚིག་ངན་མཐོང་ནས། དེ་དག་འཁོར་དེ་དག་ལ་མྱི་དགའ་སྟེ། འདོད་པར་བྱེད་དོ།།




iiif viewer powered by OpenSeadragon

61a - 62a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo