| e-texts navigator |
| Wylie |
61a1 པ་རྣམས་ལ་ཡོངས་སུ་སྦྱང་བར་བྱས་པ་ཡིན་ཏེ། དེ་དག་ལ་ནི་བདུད་སྡིག་ཅན་གིས་ཀླགས་མྱི་རྙེད་དོ།། ཀླུའི་བདག་པོ་ངས་མངོན་པར་ཤེས་པ་འདས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་ཚད་མྱེད་པ་ངས་མཉེས་པར་བྱས་ཏེ
61a2 མཆོད་པ་ཡང་བྱས། དེ་དག་ཀྱི་བསྟན་པ་ལ་ཡང་རབ་ཏུ་བྱུང་སྟེ། ཚངས་པར་སྤྱོད་པ་ཡང་སྤྱད་ན། འོན་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལ་འདི་ལྟར་ཟབ་ཅིང་འདི་ལྟར་རྒྱུ་བ་ཆད་པའི་ཆོས་མ་བསྟན་ཏེ། གཞན་དུ་ན་སྦྱོར་བའི་གཏམ་ཉ་ཚེ་དང
61a3 སྦྱིན་པ་དུལ་བ་དང་། ལེགས་པར་སྡོམ་པ་དང་། ངེས་པའི་གཏམ་ཉི་ཚེ་དང་། ཚུལ་ཁྲིམས་དང་ཐོས་པ་དང་། གཏོང་བ་དང་། བཟོད་པ་དང་བརྩོན་འགྲུས་དང་། བག་ཡོད་པའི་གཏམ་ཉི་ཚེ་དང་ཚངས་པར་སྤྱད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད
61a4 བསྙུངས་པའི་གཏམ་ཉི་ཚེ་བསྟནད་ཏོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡོངས་སུ་སྦྱང་བ་མ་བྱས་པའི་ཕྱིར་རོ།། ཀླུའི་བདག་པོ་གང་གི་ཚེང་ཡོངས་སུ་སྦྱང་བར་བྱས་པར་གྱུར་པ་དེའི་ཚེ་ནི་ངས་དེ་བཞིན་གཤེགས་པ་མར་མེ་ཆེན་པོ་ལས
61a5 ཟབ་མོའི་ཆོས་ཀྱི་ཚུལ་འདི་ཐོས་སོ།། ཐོས་ནས་ཀྱང་ང་མཐུན་པའི་ཆོས་ན། མས་ལ་བཟོད་པ་སྐྱེས་སོ།། ཀླུའི་བདག་པོ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་ཟབ་ཅིང་ངའོ་སྙམ་པའི་ང་རྒྱལ་ལས་རྣམ་པར
61a6 གྲོལ་བ། ཡོངས་སུ་རྟོག་པ་བྱས་པ། རྒྱུ་དང་རྐྱེནད་ལས་བྱུང་བ། སེམ་ས་ཅན་དང་སྲོག་དང་། གསོ་བ་དང་། གང་ཟག་ཏུ་རྟོག་པ་མྱེད་པའི་ཆོས་རྣམས་ལ་མོས་པ་དང་། དད་པ་དང་། འཛིནད་པ་དང་། གཞན་དག་ལས་བརྡ་སྤྲོད་པ
61a7 བྱེད་པའི་སེམས་ཅན་དེ་དག་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཡོངས་སུ་སྤྱད་པ་བྱས་པ་ཡིན་པ་དང་། དེ་དག་ལ་ནི་བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་བ་དེ་ལྟར་རིག་པར་བྱའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་ཅན
61a8 རྣམས་ཀྱི་ཕན་པ་དང་བདེ་བའི་དོན་ལ་ཞུགས་པ་གང་གིས། གོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ལྷ་རྣམས་དང་། སྤྱི་རྣམས་ཀྱི་བདེ་བའི་ཡོ་བྱད་ཇི་སྙེད་ཡོད་པའི་བདེ་བའི་ཡོ་བྱད་དེ་སྙེད། སེམས་ཅན་རེ་རེ་ལ་བྱིན་ན། ཀླུའི་བར།
61a9 པོ་འདི་ཇི་སྙམ་དུ་སེམས། ཅི་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་དེ་དག་ལ། བདེ་བའི་ཡོ་བྱད་མང་པོ་བྱིན་པ་ཡིན་ནམ།། གསོལ་པ། བཅོམ་ལྡན་འདས་མང་ངོ་།། བདེ་བར་གཤེགས་པ་མང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ