e-texts navigator
Collection
Volume
Page
Wylie

60b1 བཅས་པའོ།། ཆོས་འདི་དག་ནི་ཟག་པ་མྱེད་པའོ།། དེ་བཞིན་དུ་འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་རྣམས་དང་། ཁ་ན་མ་ཐོ་བ་མྱེད་པ་རྣམས་དང་། འདུས་བྱས་རྣམས་དང་།
60b2 འདུས་མ་བྱས་པ་རྣམས་དང་། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པ་རྣམས་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པ་རྣམས་དང་། བསྟེན་པར་བྱ་བ་རྣམས་དང་། ཡོངས་སུ་སྤང་བར་བྱ་བ་རྣམས་དང་། གདགས་པར་བྱ
60b3 བ་རྣམས་དང་། གཞིག་པར་བྱ་བ་རྣམས་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། སློབ་པའི་ཆོས་རྣམས་དང་། མྱི་སློབ་པའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆོས་རྣམས་དང་། སངས་རྒྱས
60b4 ཀྱི་ཆོས་རྣམས་འདོགས་པར་མཛད་དེ། ཀླུའི་བདག་པོ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་དེ་ལྟར་ཆོས་རྣམ་པར་གཞག་པ་བསྟན་པ་ཡང་སྟོནད་པར་མཛད་ལ་ཆོས་གང་ལ་ཡང་མཚན་མར་ཡང་དག་པར་རྗེས་སུ་མྱི་གཟིགས་སོ།། ཀླུའི
60b5 བདག་པོ་དཔེར་ན། མྱི་ལ་ལ་ཞིག་སྐྱེས་ལ་དེས་ནམ་མཁའི་ཁམས་གཟུགས་མྱེད་ཅིང་བསྟན་དུ་མྱེད་པ་འདི་ལ། མཚོན་རྩི་ཐམས་ཅད་ཀྱིས་རི་མོར་བྲིས་ཏེ། ལྷའི་གཟུགས་རྣམས་ཀྱང་དེར་བསྟན་ད། མྱེའི་གཟུགས
60b6 རྣམས་དང་། རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་། དཔུང་བུ་ཆུང་དང་། གཞོན་པ་རྣམས་ཀྱང་དེར་བསྟན་ན། ཀླུའི་བདག་པོ་འདི་སྙམ་དུ་ཇི་སེམས་ཅི་མྱི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིད་པ
60b7 ལགས་སོ།། བདེ་བར་གཤེགས་པ་དཀའ་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་བས་ནི་གང་གཟུགས་མྱེད་ཅིང་བསྟན་དུ་མྱེད་པ། གཟུང་དུ་མྱེད་པ་ཡི་གེ་མྱེད་པ། བརྗོད་དུ་མྱེད་པའི་ཆོས
60b8 འདི་སེམས་ཅར་གཞུན་རྣམས་དང་། གང་ཟག་གཞན་རྣམས་ལ་བརྡ་སྐད་ཅིང་ཡི་གེ་རྣམས་ཀྱིས་མཚོན་ཏེ། ཐབས་ཚོགས་ཀྱིས་གོ་བར་བྱས་པ་དེ་དེ་བཞིན་གཤེགས་པས་ཆེས་དཀུའ་བ་མཛད་པ་ཡིན་ནོ།། ཀླུའི་བདག་པོ་དེབས་ཀྱང་གང་དག།
60b9 འདི་ལྟར་བ་སྐུ་རང་པའི་ཆོམ་འདི་དག་ལ་མོས་པར་འགྱུར་བ་འམ་འདུག་པར་འགྱུར་བ་དེ་དག་ནི་ཅེས་རོ་མ་ཆར་མེ་བ་བྱེད་པ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་བ་པ་སོའི་ཚུལ་འདིས་འདུག་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། སྔོན་གི་དེ་བཞིན་གཞེགས




iiif viewer powered by OpenSeadragon

60a - 61a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo