e-texts navigator
Collection
Volume
Page
Wylie

60a1 བསྐྲུན་པ་ནི། ཆོས་མ་ཡིན་པ་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་ཆོས་ཐ་སྙད་དུ་བྱེད་པ་ཙམ་དུ་ཆོས་མ་ཡིན་པའི་ཕྱིར་རོ།། དེ་ལ་ཆོས་གང་བརྗོད་པ་དེ་དག་ཐམས་ཅད་ནི་ཆོས་མ་ཡིན་པ་དེ་ཁོ་ནའོ།། བུའི
60a2 བདག་པོ་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་བརྗོད་པ་འམ་སྨྲ་བར་མྱི་ནུས་སོ།། འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བརྗོད་དུ་མྱེད་པ་དང་། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེ་ལྟ་བས་ན། ཆོས་ཐམས
60a3 ཅད་བརྗོད་པར་མྱི་ནུས་སོ།། ཀླུའི་བདག་པོ་སངས་རྒྱས་ཀྱི་ཆོས་འདི་དག་ནི་རྣམ་གྲངས་འདི་དང་། ཚུལ་འདི་བསྟནང་མོད་ཀྱི་འོད་ཀྱང་སངས་རྒྱས་ཀྱི་ཆོས་དེ་དག་ནི། སྒྲའི་རྣམ་པར་རིག་བྱེད་ཀྱིས་རྣམ་པར་རིག་པར་བྱ་བ་མ་ཡིན་ནོ།།
60a4 ཀླུའི་བདག་པོ་སངས་རྒྱས་ཀྱི་ཆོས་རྣམས་ནི་འདུས་བྱས་དང་འདུས་མ་བྱ་རས་ཀྱི་ཆོས་རྣམས་ཀྱིས་རྣམ་པར་རིག་པར་བྱ་བ་མ་ཡིན། གདགས་པར་བྱ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདུས་བྱས་དང་། འདུས་མ་བྱས
60a5 ལ་མ་གཏོགས་པར། གང་གཞན་དུ་བགྲང་དུ་རུང་བའི་ཆོས་ཅི་ཡང་མྱེ། ད་དོ།། གསོལ་པ། བཅོམ་ལྡན་འདས་འོ་ན་སངས་རྒྱས་ཀྱི་ཆོས་ན་མས་འདུས་མ་བགྱིས་པ་ལགས་སམ། དེ་བཞིན་གཤེགས་པ་ཡང
60a6 དེ་ལྟ་བུ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུ་འི་བདག་པོ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ང་འདུས་མ་བྱས་པའོ།། དེ་བཞིན་གཤེགས་པ་ཡང་འདུས་མ་བྱས་ཤྲེ
60a7 བྱའོ།། ཀླུའི་བདག་པོ་དེ་ལ་ཇི་སྙམ་དུ་སེམས་འདུས་མ་བྱས་ལ་གདགས་པ་ཅི་ཡང་ཡོད་དམ། གསོལ་ད་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་རྣམ་གྲངས་འདིས་ཀྱང
60a8 ཁྱོད་ཀྱིས་ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་རིག་པར་བྱ་བ་མ་ཡིན་པ་དང་། གདགས་པར་བྱ་བ་མ་ཡིན་པ་དེ་ལྟར་རིག་པར་བྱའོ།། སངས་རྒྱས་ཀྱི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ།། ཀླུའི་བདག་པོ་སེམས་ཅ།
60a9 ནམམ་པ་དེ་བཞི་གཤེགས་པའི་ཐུགས་ཆེན་པོ་ཅེས་དུ་བནན་པ་ལ་གོས། འདི་སར་རྣམ་པར་རིག་པར་བྱ་བ་མ་ཡིན་པ་དང་། གདགས་པར་བྱ་བ་མ་ཡིན་པའི་ཆོས་རྣམས་ཀྱིང་དང་བདས་འདོགས་པར་མཛད་དེ། ཆོས་འདི་དག་ནི་ཟག་པདང




iiif viewer powered by OpenSeadragon

59b - 60b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo