e-texts navigator
Collection
Volume
Page
Wylie

59b1 བྱིན་ཅི་ལོག་ཏུ་གྱུར་ད་པར་མཐོད་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ། ཀྱེ་མཆོས་འདི་དག་ནི་འདི་སར་དག་ན། སེམས་ཅན་འདི་དག་ནི་ཀུན་ནས་ཉོན་མོངས་སོ་སྙམ་ནས། སེམས་ཅན་རྣམས་ཆེས་བརྟན་པར་སྙིང་རྗེ་ཆེན་པོ་སྐྱེའོ།།
59b2 དེ་བས་ན་དེ་སེམས་ཅན་རབ་ཏུ་གྲོལ་བར་བྱ་བའི་ཕྱིར། སྙིང་བརྩེ་བ་ཆེན་པོ་བསྐྱེད་དོ།། སེམས་ཅན་དེ་དག་ཀྱང་རྟག་ཏུ་སེམས་ཅན་མྱེད་པ་ཁོ་ན་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཆོས་ལྷག་པར་མཐོང
59b3 དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་པ་ལ་གནས་པའི་སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་གང་ཞེ་ན། ཀླུའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་མྱེད་པའི་ཕྱིར་སེམས་ཅན་རྣམས་ཡོངས་སུ་སྨྱིནད་པར་བྱེད་དོ།། སེམས་ཅན
59b4 བདག་མྱེད་པ་དང་། སེམས་ཅན་ལ་སེམས་ཅན་མྱེད་པ་དང་། སེམས་ཅན་དབེན་བ་དང་། སེམས་ཅན་རང་བཞིན་གྱིས་སེམས་ཅན་དུ་བརྗོད་པ་ཙམ་དུ་ཟད་པ་དང་། སེམས་ཅན་དུ་གདགས་པ་ཙམ་དུ་ཟད་པ་དང་། སེམས་ཅན་སྟོང་པ་དང
59b5 སེམས་ཅན་མཚན་མ་མྱེད་པ་དང་། སེམས་ཅན་སྨོནད་པ་མྱེད་པ་དང་། སེམས་ཅན་མངོན་པར་འདུ་བྱ་བ་མྱེད་པ་དང་། སེམས་ཅན་ཇི་ལྟ་བ་བཞིན་མ་ཡིན་པ་དང་། སེམས་ཅན་མ་སྐྱེས་པ་དང་། སེམས་ཅན་མ་བྱུང་བ་དང་།
59b6 སེམས་ཅན་རྣམ་པར་དག་པའི་ཕྱིར། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དེ། དེ་ཡང་བདག་གཞིག་པའི་ཕྱིར་མ་ཡིན། སེམས་ཅན་གཞིག་པའི་ཕྱིར་མ་ཡིན། སྲོག་དང་གསོ་བ་དང་། སྐྱེས་བུ་དང་། གང་ཟག་གཞིག་པའི།
59b7 ཕྱིར་མ་ཡིན། དངོས་པོ་གཞིག་པའི་ཕྱིར་མ་ཡིན། རྫ་སྭ་གཞིག་པའི་ཕྱིར་མ་ཡིན་གྱི། ཀླུའི་བདག་པོ་སེམས་ཅན་དེ་དུ།། ངོ་བོ་ཉིད་ཇི་སྭཱ་བ་དེ་ཁོར་བཞིན་དུ་ཡོངས་སུ་སྦྱིན་པར་བྱེད་དོ།། སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན་འདི་ལྟ་སྟེ། རང
59b8 བཞིན་གིས་བདག་བྱེད་པའི་རབ་ཉིད། ངོ་བོ་ཉིད་མྱེད་པ་ནི། སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་དོ།། སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པའི་ངོ་བོ་ཉིད་དེ་ཉིད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ནི
59b9 སངས་རྒྱས་མྱོ་མ་ལམས་ས་ཀྱིངས་ཉིད་ང། དེ་བབ་ན་ཙམ་ཕམས་པར་ནི་ས་ས་རྒྱས་ཀྱིཆོས་ཞེས་བྱའོ།། ཀླུའི་བདན་པོ་ཅོམ་ཐམས་པར་ཅེས་བྱ་བའི། བྱིམ་ས་དུ་འ་ཅིང་དེསང་ཀྱི་གྱི་རྩིགས་སོ།། ཐའི་བངན་བཅོམམམས་པ་ཐོས་བྱ།




iiif viewer powered by OpenSeadragon

59a - 60a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo