| e-texts navigator |
| Wylie |
59a1 པས་སྙོམས་པར་འཇུག་སྟེ་དེ་དེ་ལྟར་ཏིང་ངེ་འཛིན་སྒོམ་པའི་སྦྱོར་བ་ལ་བརྩོན་པ་ན། ནང་དང་ཕྱི་རོལ་ཀྱི་ལུས་དང་སེམས་ལ་ཡང་མྱི་གནས་ལ། ཕྱི་རོལ་ཀྱི་ལུས་ལ་ཡང་སེམས་མྱི་གནས་པ་དེ་ནི་མྱི་གནས་པ་དེ་རྣམ་པར་ཤེས་པ།
59a2 སྟེ། དམྱིགས་པ་ཅན་གྱི་རང་བཞིན་གྱི་སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ལ། ཕྱི་རོལ་ཀྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། བསམ་གཏན་དང་། བསམ་གཏན
59a3 ལ་སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ཟིལ་ཀྱིས་གནོནད་ཏོ།། དེའི་དགེ་བའི་རྩ་བ་རྣམས་དང་། བསམ་གཏན་དེ་དག་ཀྱང་ཤེས་རབ་ཀྱི་ཤས་ཆེ་བ་དང་། ལྟ་བའི་ཉོན་མོངས་པ་དང་བྲལ་བ་ཡིན་ལ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡང་ཡིན་པ་དང་།
59a4 སེམས་ཅན་ཡོངས་སུ་སྨྱིནད་པར་བྱེད་པ་ཡང་སྒྲུབ་པ་ཡིན་ཏེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་སྙོམས་པར་འཇུག་པ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདས་པའི་མཐའི་བར་དུ་ཐུག་པར་མཛད་དེ། འདི་ནི་བྱང་ཆུབ་སེམས་དཔའ་ཤེས
59a5 རབ་ཀྱི་གནས་ལ་གནས་པའི་བསམ་གཏན་ཡིན་ནོ།། དེ་ལ་བྱང་ཆུབ་སེ། མས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཆོས་ལྷག་པར་མཐོང་བ་གང་ཞེ་ན། དེས་ཆོས་གང་ལྷག་པར་མཐོང་བ་དེ་དག་ཤེས་རབ་ཀྱི་མྱིག་ཁོ
59a6 ནས་ལྷག་པར་མཐོང་གི། ཤའི་མྱིག་དང་ལྷའི་མྱིག་གིས་ཆོས་དེ་དག་ལྷག་པར་མཐོང་བ་ཡིན་ནོ།། དེ་དག་ཞི་བ་ཁོ་ནར་ལྷག་པར་མཐོང་གི་མ་ཞི་བར་ལྷག་པར་མཐོང་བ་མ་ཡིན་ནོ།། དེ་བཞིན་དུ་ཆོས་རྣམས་རྒྱུ་བ
59a7 མྱེད་པ་དང་། གནས་པ་མྱེད་པ་དང་། དབེན་པ་དང་། ཡོངས་སུ་གྲུབ་པ་མྱེད་པར་ལྷག་པར་མཐོང་ངོ་།། དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ལྷག་པར་མཐོང་བའོ།། རེས་ཆོས་ཐམས་ཅད་ལྷག་མཐོང་བ་ན། གལ་ཏེ་ཆོས་ལ།
59a8 ཞིག་མཐོང་ན་ནི། སྐྲག་མཐོང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེན། ཆོས་མཐོང་བས་ནི་ལྷག་མཐོང་སྐྱེས་པ་མ་ཡིན་ལ། ཤེས་པ་ནི་མྱི་ཤེས་པ་མ་ཡིན་པའི་ཕྱིར་རོ།། མ་མཐོང་བ་ནི་ཆོས་ལྷག་པར་མཐོང་བ་ཡིན་ལ། བདག་མ་མཐོང་བ་དང་།
59a9 སེམས་ཅན་མ་མཐོང་བ་དང་། སྲོག་དང་། མསོ་བ་དང་། སྐྱེམ་བུ་དང་། གང་ཟག་མ་མཐོང་བ་ནི།། ཆོས་ལྷག་པར་མཐོང་བ་ཡིན་ཏེ། རེ་ལྟར་ན་བྱང་ཆུབ་སེམས་དཔའ་ས་ནི་ཆོས་དེ་དག་ཀྱང་ཇི་ས་པ་བཞིན་དུ་མཐོང་ལ། སེམས་ཅན་རྣམས་ན