| e-texts navigator |
| Wylie |
58b1 གང་ནས་ཀྱང་མྱི་འོང་བ་དང་། གང་ཏུ་ཡང་མྱི་འགྲོ་བར་རབ་ཏུ་ཤེས་ཏེ། དེ་དེ་ལྟ་བུའི་ཆོས་དང་ལྡན་པས་ཕྱིན་ཅི་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོནད་པའི་བརྩོན་འགྲུས་མྱོས
58b2 ལ། སེམས་ཅན་དེ་དག་ཀྱང་ཡང་དག་པར་མྱི་དམྱིགས་ཏེ། སེམས་ཅན་མྱི་དམྱིགས་པ་གང་ཡིན་པ་དེ་ཉིད། དེའི་ཆོས་ཐམས་ཅད་མྱི་དམྱིགས་པའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་མ་གཏོགས་པའི་ཆོས་གང་ཡང་མྱེད་ལ། ཆོས
58b3 ལ་མ་གཏོགས་པའི་སེམས་ཅན་རྣམས་ཀྱང་མྱེད་མོད་ཀྱི་འོན་ཀྱང་ཆོས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བདག་གི་ངོ་བོ་ཉིད་དོ།། བདག་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི།
58b4 སངས་རྒྱས་རྒྱ་ཆས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ།། ངོ་བོ་ཉིད་མཉམ་པ་ཉིད་འདིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚོལ་བ་གང་ཡིན་པ་དང་། བཙལ་ནས་ཀྱང་ཆོས་ཀྱང་མྱི་དམྱིགས། ཆོས་མ་ཡིན་པ་ཡང་མྱི་དམྱིགས་པ་དང་། ཆོལ་བ
58b5 ན་ཡང་གང་གིས་བཙལ་བ་དང་། གང་བཙལ་བ་དང་། སུས་བཙལ་བ་དེ། དག་ཐམས་ཅད་མྱི་དམྱིགས་པ་འདི་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བརྩོན་འགྲུས་ཤེས་བྱའོ།། དེ་ལ་བྱང་ཆུབ
58b6 སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བསམ་གཏན་གང་ཞེ་ན། བསམ་གཏན་རྣམས་ལ་ཡང་སྙོམས་པར་འཇུག་ལ། མཉམ་པ་ཉིད་ལས་ཀྱང་། ཉམས་པར་མྱི་འགྱུར། ཕུན་སུམ་ཚོགས་པར་ཡང་མྱི
58b7 འགྱུར་བ་གང་ཡིན་པ་དང་། དེ་བསམ་གཏན་རྣམས་ཀྱང་བསམ་གཏན་དུ་བྱེད་ལ། ཆོས་གང་ཡང་སྐྱེད་པར་ཡང་མྱི་བྱེད་འབྲི་བར་ཡང་མྱི་བྱེད་པ་དང་། ཡུལ་ཐམས་ཅད་ལ་ཡང་མྱི་རྟེན་པར་བསམ་གཏན་བྱེད་ལ། ཆོས་ཐམས་ཅད་དང་ཐུན་པ
58b8 དང་མྱི་མཐུན་པ་མྱེད་པར་ཡང་བསམ་གཏན་བྱེད་པ་དང་། ལུས་དང་སེམས་ཀྱིས་ཀྱང་བསམ་གཏན་གི་ཡན་ལག་དང་། བསམ་གཏན་གྱི་བསམ་གཏན་གྱི་བསམ་པ་དང་། བསམ་གཏན་གི་སྦྱོར་བ་དེ་དག་མངོན་པར་བསྒྲུབ་པར་མྱི་བྱེད་པ་དང་། དེ
58b9 སྙོམས་པར་འཇུག་པ་ན། ཅི་ནས་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཀྱིས་སྙོམས་པར་འཇུག་པ་དེ་ལྟ་བུས་སྙོམས་པར་འཇུག་པ་དང་། དེ་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ལ་སྨོ་མྱི་འདོགས