| e-texts navigator |
| Wylie |
58a1 པ་ཡང་སྒོམ་ལ། ཆོས་གང་ཡང་སྒོམ་པར་མྱི་བྱེད། གྱི་སྒོམ་པར་ཡང་མྱི་བྱེད། ཆོས་གང་ཡང་བསྐྱེད་པའི་ཕྱིར་རམ། འགག་པའི་ཕྱིར་ཡང་སྡོམ་པར་མྱི་བྱེད། ཆོས་གང་ཡང་ཟད་པར་བྱ་བའི་ཕྱིར་པ་ཉེ་བར་ཞི
58a2 བར་བྱ་བའི་ཕྱིར་ཡང་སྒོམ་པར་མྱི་བྱེད། སེམས་ཅན་བདག་མྱེད་པ་དང་། སེམས་ཅན་དབེན་པས་ཀྱང་མྱི་སྨག་མྱི་དངང་། དངང་བར་མྱི་འགྱུར་ལ། བཟོད་པ་དེ་ཡང་ལུས་ལ་དམྱིགས་པ་དང་། ངག་ལ་དམྱིགས་པ་དང་། སེམས
58a3 ལ་དམྱིགས་པས་བཟོད་པར་མྱི་བྱེད་པ་དང་། དེ་ལུས་བཤིག་པ་དང་། ཡན་ལག་དང་ཉིང་ལཀ་རྣམས་གཅོད་པ་ན། མཱ་དང་ཤིང་དང་ཚིག་པ་དང་འདྲ་བར་སོ་སོར་རྟོག་ཅིང་། བཟོད་པ་དང་དེ་གཞན་གིས་ངན་དུ་སྨྲས་པ་ཐོས་ནས།
58a4 ངག་ཡ་མ་བརླ་དང་། ངག་གསོ་བ་དང་། ངག་གསོག་དང་། ངག་གཟུང་དུ་མྱེད་པ་དང་། ངག་ཞི་བ་དང་། ངག་མྱི་གནས་པར་ཤེས་ནས། བཟོད་པ་དང་། དེ་སེམས་རྙོག་པ་མྱེད་པ་དང་། སེམས་གསར་མ་ཡིན་པ་དང
58a5 སེམས་རྙིང་མ་ཡིན་པ་དང་། གཅིག་ལ་གཅིག་མཚམས་སྦྱོར་བ་མྱེ། དཔ་དང་། སྐད་གཅིག་གིས་འཇིག་པས་མྱེད་པར་འགྱུར་བར་སོ་སོར་རྟོག་ཅིང་བཟོད་ལ། མཚམས་སྦྱོར་བ་མྱེད་པར་མཐོང་བ་འདི
58a6 ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བཟོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བརྩོན་འགྲུས་གང་ཞེ་ན། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་ན
58a7 པར་འཕེལ་བར་བྱ་བའི་ཕྱིར། བརྩོན་འགྲུས་ཀྱང་རྩོམ་ལ། བརྩོན་འགྲུས་རྣམ་པར་འཕེལ་བ་དེས་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་འཕེལ་བ་དང་། ཡོངས་སུ་འགྲིབ་པར་ཡང་དག་པར་རྗེས་སུ་མྱི་མཐོང་བ་གང་ཡིན་པ་དང་། དེས་ཆོས་ཐོས
58a8 ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བར་རིག་ནས། ཆོས་ཀང་ཡང་དབེན་པར་ཡོངས་སུ་གྲུབ་པར་ཡང་དག་པར་རྗེས་སུ་མྱི་མཐོང་ལ། མྱི་བདེན་པ་ཕྱིན་ནི་ལོག་ལ་འཇིག་རྟེན་གནས་པ་ཡང་མཐོང་བ་དང་། དེས་དེ་ལྟར་ཤེས་རབ་རྣམ་པར
58a9 དག་པའི་སྒོ་ནས་ཆོས་ཐམས་ཅད་ལ་རྣམ་པར་ལྟ་བ་ན། ཆོས་རྣམས་འཕེལ་བར་ཡང་གྱི་བྱེད། འགྲིབ་པར་ཡང་མྱི་བྱེད་པ་དང་། ཆོས་ཐམས་ཅད་སྤུངས་པའི་རང་བཞིན་མ་ཡིན་པ་དང་། ཡུལ་ན་གྱི་གནས་པ་དང་། ཕྱོགས་ན་མྱི་གནས་པར