| e-texts navigator |
| Wylie |
57b1 སུ་སྨིན་པར་བྱེད་དོ།། ཀླུའི་བདག་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་ནས། སྦྱིན་པ་སྦྱིན་པར་བྱེད་ཅེ་ན། ཀླུའི་རྒྱལ་པོ་འདི་ལ་སྦྱིན་པ་མཉམ་པ་ཉིད་ཀྱིས་བདག་མཉམ་པ་ཉིད་དོ།། བདག་མཉམ་པ་ཉི
57b2 ཀྱིས་སེམས་ཅན་མཉམ་པ་ཉིད་དོ།། སེམས་ཅན་མཉམ་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་དོ།། ཆོས་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དེ། མཉམ་པ་ཉིད་འདི་དག་ཀྱང་མྱི་སྤོང་ལ་སྦྱིན་པ་ཡང་སྦྱིན་པར་བྱེད་དེ། སྦྱིན་པ་དེ་ཡང
57b3 ཉོན་མོངས་པའི་དབང་གིས་སྦྱིན་པར་མྱི་བྱེད་དོ།། དེས་དེ་ཇི་ས་ཇི་ལྟར་ཡོངས་སུ་འཇལ་པ་དེ་ཁོ་ན་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱེད་དེ།། ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། སྨྲ་བའི་རྣམ་པ་ཟས།
57b4 ཅད་ཉེ་བར་ཞི་བ་དང་། རྩོད་པ་ཐམས་ཅད་འདོར་བ་གང་ཡིན་པ་དེ་ནི། དྲོང་བའི་མཆོག་ཡིན་ཏེ། ཀླུའི་བདག་པོ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་སྦྱིན་པ་ཡོངས་སུ་གཏོང་བའོ།། དེ་ལ་བྱང
57b5 ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཚུལ་ཁྲིམས། གང་ཞེ་ན། ལུས་དང་། ངག་དང་སེམས་དབེན་པར་མཐོང་བ་གང་ཡིན་པ། དེ་ནི། ཚུལ་ཁྲིམས་ཡོངས་སུ་སྲུང་བ་སྟེ། ལུས་དང་ངག་དང་སེམས
57b6 ལ་ཡང་མྱི་རྟེན། འཇིག་རྟེན་འདི་ལ་ཡང་མྱི་རྟེན། འཇིག་རྟེན་ཕ་རོལ་ད་ལ་ཡང་མྱི་རྟེན། ནང་ལ་ཡང་མྱི་རྟེན། ཕྱི་རོལ་ལ་ཡང་མྱི་རྟེན། ཕུང་པོ་ལ་ཡང་མྱི་བརྟེན། ཁམས་ལ་ཡང་མྱི་བརྟེན། སྐྱེ་མཆེད་ལ་ཡང་མྱི
57b7 བརྟེན། བྱང་ཆུབ་ལ་ཡང་མྱི་རྟེན། མྱ་ངན་ལས་འདས་པ་ལ་ཡང་མྱི་རྟེན། ཆོས་ཐམས་ཅད་ལ་ཡང་མྱི་རྟེན་པར་ཚུལ་ཁྲིམས་བསྲུང་བར་བྱེད་ལ། ཚུལ་ཁྲིམས་དེས་ཀྱང་རློམ་སེམས་སུ་མྱི་བྱེད་ཅིང་། ཤིནད་ཏུ་རློམ་སེམས་སུ་མྱི
57b8 བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཚུལ་ཁྲིམས་ཤེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བཟོད་པ་གང་ཞེ་ན། བཟོད་པ་གང་བསྒོམ་པ་བདག་དང་། སེམས་ཅན
57b9 དང་། སྲོག་དང་། གང་ཟག་ཏུ་མྱི་དམྱིགས་ཤིང་། ངར་འཛིནད་པ་དང་། ངའིར་འཛིནད་པ་ལ་ཡང་མྱི་གནས་པ་དེ་ནི། ནང་དག་པ་དང་། སེམས་ཅན་དག་པ་དང་། ཆོས་ཐམས་ཅད་དག་པས། བཟོད་པ་བསྒོམ་པ་ཡིན་ཏེ། དེ་ནི་བཟོད