e-texts navigator
Collection
Volume
Page
Wylie

57a1 རྣས་རྣམ་པར་དག་པར་བྱེད་པའི་རིན་པོ་ཆེ་བཀོད་པ་ཀུན་ཏུ་འོད་གཟེར་འབྱུང་བའི་འོད་ཅན་ཞེས་བྱ་བའི་ནོར་བུ་རིན་པོ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་བ་གང་ཡིན་པ་དེ། བཅོམ
57a2 ལྡན་འདས་ཆོས་ཀྱི་དགབ་པར་ཕུལ་ལོ།། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་ཀྱང་ཉི་མ་དང་ཟླ་བ་གཉིས་ཀྱི་འོད་མོག་མོག་པོར་བྱས་སོ།། འཁོར་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཚིག་འདི
57a3 སྐད་དུ། ཨ་ལ་ལ་སངས་རྒྱས་འབྱུང་བ་ནི་ངོ་མཚར་ཆེ་སྟེ། དེ་བྱུང་བས་འདི་ལྟར་ཡ་མཚན་དུ་རུང་ཞིང་རྨད་དུ་བྱུང་བའི་ཆོས་དག་ཀྱང་སྡང་ངོ་ཞེས་སྦས་སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་ལ་མངོན་པར་དགབ་པ།
57a4 བྱས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་བའི་རྩ་བ་འདི་ནི་བདག་སངས་རྒྱས་ཀྱི་སྐུའི་འོད་དྲི་མ་མ་མཆིས་པ་ཐོབ་པར་གྱུར་ད་ཅིག། འོད་ངེས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྡང་བར་གྱུརཔ
57a5 ཅིག། སེམས་ཅན་གང་འོད་དེས་ཕོག་པ་དེ་དག་ཀྱང་། ཉོན་མོངས་པ་ཐམ་ས་ཅད་ཀྱིས་གནོད་པར་མ་གྱུར་ད་ཅིག། དེ་བཞིན་གཤེགས་པའི་སྦྱིན་ཚམས་ཀྱི་མཛོད་སྤུ་ཅི་འདྲ་བ་དེ་ལྟ་བུ་ཡང་བདག་གིས་ཐོས་པར་གྱུར་ད་ཅིག།
57a6 བྱང་ཆུབ་ཀྱི་ལམ་ཤེས་པ་སྒྲིབ་པ་མ་མཆིས་པ་ཡང་ཐོབ་པར་གྱུར་ད་ཅིག།། ལམ་ཤེས་པ་དེས་ཀྱང་སེམས་ཅན་ལམ་ལོག་པ་ལ་ཞུགས་པ་རྣམས་ཡང་དེ་ག་པའི་ལམ་ལ་འགོད་པར་གྱུར་ད་ཅིག། བཅོམ་ལྡན་འདས་གཞན་ཡང
57a7 ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མུན་པ་མུན་ནཱ་ག་དང་བྲལ་ཏེ། ལམ་གྱི་ཡེ་ཤེས་ཐོབ་པར་གྱུར་པ་ལགས།། དེ་སྐད་ཅེས་གསོལྡ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ།
57a8 འདི་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་དབང་གིས་བྱུང་བ། ཤེས་རབ་ཀྱི་སྒྲོན་མ་ལག་ན་ཐོགས་པ་ཤེས་རབ་ཀྱི་ཤེས་པ་ཅན། ཤེས་རབ་སྔོན་དུ་འགྲོ་བ། ཤེས་རབ་ཀྱི་མཆོན་ཅན། ཤེས་རབ་ཀྱིས་འབྱེད་པ་དེ་ནི་ཤེས་རབ་ཀྱི་གནས་ལ
57a9 གནས་ནས་སྦྱིན་པ་སྦྱིན་པར་བྱེད་ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་བསྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་སྙོམས་པར་འཇུག་པར་བྱེད། ཆོས་རྣམས་ལྷག་པར་མཐོང་བར་བྱེད། སེམས་ཅན་རྣམས་ཡོངས




iiif viewer powered by OpenSeadragon

56b - 57b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo