e-texts navigator
Collection
Volume
Page
Wylie

56b1 འཁོར་ལོ་བསྐོར་བ་གང་ཡིན་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ལས་བསྐོར་བ་གང་ཡིན་པ་འདི་ནི་མཚུངས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལས་སེམས་ཅན་དཔག་ཏུ་མྱེད་པའི་དོན་མཛད་པའི་ཕྱིར་རོ།། གཞན
56b2 ཡང་སེམས་ཅན་གང་ཆོས་ཀྱི་ནམ་གྲངས་འདི་ཐོས་པ་དེ་དག་ནི་དགེ་བའི་རྩ་བ་ངན་དོན་མ་ཡིན་པ་དང་ལྡན་པ་ཡིན། སེམས་ཅན་གང་དག་ཐོས་ནས་ཀྱང་། འཆང་བར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་དག་གིས་ནི་མྱིར་སྐྱེས་པ་རྙེད་པ་ལེགས་པར།
56b3 རྙེད་དོ།། དེ་དག་གིས་ནི་དེ་བཞིན་གཤེགས་པ་ལེགས་པར་མཐོང་ངོ་།། དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་ཐོས་སོ།། ཆོས་ཀྱི་ཚུལ་གི་རྣམ་པ་འདི་ཐོས་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
56b4 སེམས་བསྐྱེད་པ་གང་ཡིན་པ་དེ་དག་གི་ངན་སོང་ཐམས་ཅད་ནི་བཀག་པར་གྱུར་ད་ཏོ།། དེ་དག་གི་ལྷ་དང་མྱིར་སྐྱེ་བའི་སྒོ་རྣམས་ནི་ཕྱེ་བར་གྱུར་ད་ཏོ།། དེ་དག་ནི་ཡོངས་སུ་མྱ་ངན་ལས་འདས་ཟིན་པར་རིག་པར་བྱའོ་ཞེས
56b5 བརྗོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགས།། སོ་ཞེས་བྱ་བ་བྱིན་ཏེ། གྲོགས་པོ་དེ་དག་ལེགས་སོ་ལེགས་སོ།། ཁྱེད་ཀྱིས་ཚིག་འདི་ལེགས་པར་སྨྲས་སོ།། མདོ་སྡེའི་ཚིག་བསྟན་པ་འང
56b6 ལྟ་བུ་དག་ལ་དཀའ་བ་ཐོབ་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། སངསརྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་། ཐེག་པ་ཆེན་པོས་འདུལ་བ་ཡིན་ནོ།། སེམས་ཅན་དེ་དག་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པ་ར།
56b7 ཕྱིར་གྱི་ལྡོག་པའི་ཕྱག་རྒྱས་བཏབ་པ་ཡིན་ནོ།། ཆོས་ཀྱི་ནམ་གྲངས་འདི་ལ་དགའ་བ་ཐོབ་པ་གང་ཡིན་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་འབལ་ཞིག་ལ་ཡང་དག་པར་གཞོས་པ་མ་གཏོགས་པར་རེ་དག
56b8 xxx
56b9 xxx




iiif viewer powered by OpenSeadragon

56a - 57a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo