| e-texts navigator |
| Wylie |
56a1 བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། ལུས་ཡོངས་སུ་དག་པར་བྱ་བའི་ཕྱིར། བསོད་ནམས་ཀྱིས་ཉེ་བར་བརྟན་པ་དང་། ངག་ཡོངས་སུ་དག་པར་བྱ་བའི་ཕྱིར། ཡེ་ཤེས་མཐའ་ཡས་པ་དང་། སེམས།
56a2 ཡོངས་སུ་དག་པའི་ཕྱིར། ཏིང་ངེ་འཛིན་ལ་དམྱིགས་པ་སྟེ། ཀླུའི་བདག་པོ་ཆོས་གསུམ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ
56a3 ལྡན་འདས་རྣམས་ཀྱིས་ལུང་སྟོནད་པར་མཛད་དེ། བཞི་གང་ཞེ་ན། ཆོས་རྣམས་ལ་ལྷག་པའི་བསམ་པས་བསྒྲུབ་པ་དང་། དཀར་པོ་རྣམ་པར་མཐོང་བས་སྤྱོད་པ་ལ་སྤྱོད་པ་ཡོངས་སུ་རྫོགས་པ་དང་། སེམས་ཅན་གྱི་བསམ་པ་རྣམས་ལ་ཡེ་ཤྲེ
56a4 ཀྱི་སྟོབས་བསྐྱེད་པ་ཐོབ་པ་དང་། ཤིནད་ཏུ་མྱེད་པའི་ཕྱིར་རང་བཞིན་གིས་མ་སྐྱེས་མ་བྱུང་བའི་ཆོས་རྣམས་རབ་ཏུ་ཤེས་པ་སྟེ།། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས
56a5 ཀྱིས་ལུང་སྟོནད་པར་མཛད་དོ།། བསྟན་པ་འདི་བཤད་པ་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡི་ད་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་དང་མྱི་མ་ཡིན་པ་ཁྲག
56a6 ཁྲིག་ཕྲག་བཅུ་གཉིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་གིས་ནི་མྱི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་བོ།། དགེ་སློང་ཁྲི་བཞི་སྟོང་ནི་ཆོས
56a7 རྣམས་ལ་ཆོས་ཀྱི་དམྱིག་རྡུལ་མྱེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། དགེ་སློང་མ་བརྒྱད་སྟོང་ནི་ལེན་པ་མྱེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། ལྷའི་བུ་ལྔ་སྟོང་གིས་ནི་འདོད་ཆགས་དང་བྲལ་བ་ཐོབ་བོ།། སྟོང་གསུམ་གྱི་སྟོང
56a8 ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་དེའི་ཚེ། རྣམ་པ་དྲུག་ཏུ་གཡོས་སོ།། འཇིག་རྟེན་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན་པོ་ཡང་ཕབ་བོ།། ལྷའི་བུ་རྣམས་ཀྱིས་ཀྱང་བར་སྣང་ལས་སིལ་བསྟན་བརྒྱ་སྟོང་དག་དཀྲོལ
56a9 ཏེ།། ཆེད་དུ་བརྗོད་པ་འདི་སྐད་ཡང་ཆེད་དུ་བརྗོད་དེ། ཨ་ལ་ལ་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་འདི་ཆོས་ཀྱི་རྣམ་གྲངས་འདི་ལ་བསྐོར་ཏོ།། ཡུལ་བར་ན་སེར་དྲང་སྲོང་སྨྲ་བ་རི་དགས་ཀྱི་གནས་སུ་ཆོས་ཀྱི