e-texts navigator
Collection
Volume
Page
Wylie

55b1 མཐོཐ་མས་ཀྱང་དམལ་བར་མྱི་འཛིན་པ་དང་། སེམས་ཅན་ཐམས་ཅད་ལ་སོན་གནས་ཀྱི་སེམས་བསྐྱེད་དེ། སྦྱིན་པ་སྦྱིན་པ་དང་། བགྲོ་བ་ཤའི་ང་ཚུལ་ཅན་ཏེ། ཆོས་ལ་སློབ་དཔོན་དེས་མཟུང་ཀྱི་བྱེད་པ་དང་། གཞན་གི་བརྗེན
55b2 ཟས་དགའ་བ་ཡིན་ཏེ། བྲག་རོག་དང་། སེར་སཱ་དང་བྲལ་བ་དང་། སྡུག་པ་དང་མྱི་སྡུག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་འགྱོད་པ་མྱེད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱིར་གྱི་ལྡོས
55b3 པའི་ཆོས་ལ་ཡང་དག་པར་གཞོལ་བ་ཡིན་ནོ།། ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པ་ཡིན་ཏེ། ལྔ་གང་ཞེ་ན། ཕ་རོལ་ཏུ་ཕྱིནད་པ
55b4 ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ། ཐབས་ལ་མཁས་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་ལ་མཁས་པ་ཡིན་ཏེ། ཆོས་ཟབ་མོའི་ཚུལ་ལ་ཀ་ནས་པ་དང་། མངོན་པར་ཤེས་པ་མ་ཉམས་པ་ཡིན་ཏེ། སེམས་ཅན
55b5 ཐམས་ཅད་དབང་པོ་རིག་པའི་ཆོ་ག་ཤེས་པ་དང་། ལེགས་པར་འོ། དུ་དུ་ཆུད་པ་ཤེས་པ་ཡིན་ཏེ། ཆགས་པ་མྱེད་པར་སྤྱོད་པ་དང་། ཟད་མྱི་ཤེས་པའི་མངོན་པར་བསྒྲུབ་པས་ཀྱང་རྟེན་ཅིང་འབྲེལྡ་པར
55b6 འབྱུང་བ་ལ་དཔྱོད་པར་བྱེད་ལ། ཟག་པ་ཐམས་ཅད་ཀྱང་ཟད་པར་མྱི་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས
55b7 ཕྱིར་མྱི་ལྡོག་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ཏེ།། གསུམ་གང་ཞེ་ན། སེམས་ཅན་ཡོངས་སུ་དག་པར་བྱ་བའི་ཕྱིར། བདག་མྱེད་པ་དང་། ཆོས་ཡོངས་སུ་དག
55b8 པར་བྱ་བའི་ཕྱིར། དབེན་པ་དང་། ཡེ་ཤེས་ཡོངས་སུ་དག་པར་བྱ་བའི་ཕྱིར། ཆགས་པ་མྱེད་པ་སྟེ། གསུམ་པོ་དེ་དག་ཀོ།། གཞན་ཡང་གསུམ་སྟེ། སྔོན་གྱི་མཐའ་རྣམ་པར་དག་པར་བྱ་བའི་ཕྱིར། མྱི་ཟད་པ་ཆོས་ཉིད་དང་།
55b9 མའི་མཐའ་རྣམ་པར་དག་པར་བྱ་བའི་ཕྱིར། མྱི་ལྕི་བའི་ཆོས་ཉིད་དང་། ད་ཀར་བྱུང་བའི་ཆོས་རྣས་པར་དག་པར་བྱ་བའི་ཕྱིར། ལེགས་པར་གནས་པའི་ཆོས་ཉིད་དེ། གསུམ་པོ་དེ་དག་གོ།། ཀླུའི་བདག་པོ་གཞན་ཡང་ཅོས་གསུམ་དང་ལྡན




iiif viewer powered by OpenSeadragon

55a - 56a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo