| e-texts navigator |
| Wylie |
55a1 xxx
55a2 ཚོགས་ཀྱང་སོགམ་པ་དང་། མྱི་རྟག་པའི་མཚན་ཉིད་ས་ཡང་ཡིད་ཅེས་ལ་སེཤེས་ཀྱི་ཚོགས་ཀྱང་སོགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཞེས་པ་ལ་ཡང་ཆགས་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡནན། བྱང་ཆུབ
55a3 མ་དཔའ་བདུད་ཕྱིར་རྒོས་པ་ཅོམ་པ་ཡིན་ནོ།། ཀླུའི་བདན་པོ་ཅོས་བཅུ་དང་ལྡདང། བྱང་ཆུབ་སེམས་དཔའ་ཕྲག་པ་དང་། འཇིགས་པ་ཐམས་ཅད་དང་བྲས་ཏེ། བྱང་ཆུབ་སེམས་དཔའི་སྤད་པ་མ་སྤྱོད་པ་ཡིན་ཏེ། བཅུག་པའི་ན། སྦྱིན་པས
55a4 ཉེ་བར་བརྟན་པ་ཡིན་ཏེ། མཚན་ཀྱིས་ལེགས་པར་བརྒྱན་པ་དང་། ཚུལ་ཁྲིམས་ལ་གནས་པ་ཡིན་ཏེ། ངན་སོང་ཐམས་ཅད་ཡང་དག་པར་བཅད་པ་དང་། བཟོད་པའི་གོམ་བགོས་པ་ཡིན་ཏེ། དབང་པོ་མ་ཉམས་པ་དང་། བརྩོན་འགྲུས་བརྟན་པ་ཡིན་ཏེ
55a5 དགེ་བའི་རྩ་བའི་ཚོགས་རྣམས་ཀྱིས་ཆོག་མྱི་ཤེས་པ་དང་། བསམ་གཏ། ན་ལ་གནས་པ་ཡིན་ཏེ། ཅང་ཤེས་ཀྱི་སེམས་དང་ལྡན་པ་དང་། ཤེས་རབ་དང་ལྡན་ཏེ། ཉོན་མོངས་པ་དང་བྲལ་བ་དང་། ཐབས་ལ་མཁས་པ
55a6 ཡིན་ཏེ། ཀུན་ཏུ་ཡོངས་སུ་སྔོ་བ་ཤེས་པ་ལ་མཁས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡིན་ཏེ། དོན་དང་ཆོས་དང་ངེས་པའི་ཚིག་དང་། སྤྲོབ་ས་པ་ལ་མཁས་པ་དང་། གཟུངས་ཐོབ་པ་ཡིན་ཏེ། སེམས་ཅན་ཐམས
55a7 ཅད་ཀྱི་ཐེ་ཙོམ་གཅོད་པ་ལ་མཁས་པ་དང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། དམ་པའི་ཆོས་ཡོངས་སུ་འཛིནད་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྐྲག་པ་དང་། འཇིག་པ
55a8 ཐམས་ཅད་དང་བྲལ་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱིར་མྱི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་ཡིན་ཏེ། བརྒྱད་གང་ཞེ་ན། ཇི་སྐད་སྨྲས
55a9 པ་དེ་བཞིན་དུ་བྱེད་པ་དང་། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པར་བྱེད་ཀྱི་གཞན་གྱི་འཁྲུལ་པ་ལ་མྱི་རྟོག་པ་དང་། སྲོག་གི་ཕྱིར་ཡང་གཞན་ཡང་ལ་བརྙས་པར་མྱི་བྱེད་པ། རྙེད་པ་བཀུར་སྟི་ཐོབ་པས་ཀྱང་། མཐོ་བར་མྱི་འཛིན་ལ