| e-texts navigator |
| Wylie |
54b1 སེ་ཞེས་མཐོང་བ་ཞེས་བྱའོ།། ཀླུའི་བདག་པོ་ཆོས་པའི་དང་སཱརན། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྤོང་བ་དང་། བསམ་པ་དང་ཆོག་ཤེས་པ་ཡིན་ཏེ། བའི་གང་ལེན། འཇིག་རྟེན་གྱི་རྗེས་སུ་འཇུག་པའི་ཤེས་པ་དང་། སྙོམས་པ།
54b2 འདུག་པ་ས་མཁས་པའི་ཤེས་པ་དང་། ཤེས་པ་དང་བསམ་པ་ལས་སུ་རུང་བའི་ཐསས་པ་དང་། སེམས་ལ་དབང་བྱེད་པའི་ཐབས་ཏེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ནཱ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྤྱོད་པ་དང་།
54b3 བསམ་པ་དང་། ཆོ་ག་ཞེས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྦྱིན་པར་བྱེད་པ་ཡིན་ཏེ། སྔ་གང་ཞེ་ན། བདག་གི་བདེ་བ་ལ་མྱི་ལྟ་བས་ཡིད་ཡོངས་སུ་མྱི་སྤྲོ་བ་དང་། བརྩོན་པ
54b4 བརྟན་པས་སེམས་ཅན་ལ་བདེ་བ་སྦྱིན་པ་དང་། སྙིང་རྗེ་ཆེན་པོ་དང་། སེམ་ས་ཅན་རྣམས་ཀྱི་སྤྱོད་པ་ཇི་ལྟ་བ་དེ་ལྟ་བུའི་སྤྱོད་པ་ལ་རྗེས་སུ་འཇུག་པ་དང་། གང་དུ་ཡང་ཡོན་ཏན་ཁྱད་པར་ཅན་ལ་ཡང་འགྱོད་པར་མྱི་བྱེད་པ་སྟེ། ཀླུའི་བདག།
54b5 པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅ། ན་ཡོངས་སུ་སྦྱིན་པར་བྱེད་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་དྲུག་དང་ལྔ། ན་ན། བྱང་ཆུབ་སེམས་དཔའ་འཛིནད་པ་དང་། ཀློག་པ་དང་བརྡ་སྤྲོད
54b6 པ་ལ་མཁས་པ་ཡིན་ཏེ། དྲུག་གང་ཞེ་ན། གཟུངས་ཐོབ་པ་དང་དྲན་པ་དང་། ཤེས་བཞིན་གྱིས་སྒྲུབ་པ་དང་། ཡང་དག་པ་ལ་ཚུལ་བཞིན་དུ་འཇུག་པ་དང་། སེམས་ཀྱི་རྗེས་སུ་འཇུག་པ་ཤེས་པ་དང་། ཐོགས་པ་མྱེད་པ་སྤོབས་པ
54b7 ཐོབ་པ་དང་། དགོངས་པའི་ཚིག་སྟོན་པའི་ཞེས་པ་ལ་མཁས་པ་སྟེ། ཀླུའི་བདག་པོ་ཆོས་དྲུག་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཛིནད་པ་དང་། ཀློག་པ་དང་། བརྡ་སྤྲོད་པ་ལ་མཁས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བརྒྱད
54b8 དང་ལྡན་ན། བྱང་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ཏེ། བརྒྱད་གང་ཞེ་ན། སྒྱུ་མའི་ཆོས་ཉིད་དུ་ཕུང་པོ་ལྔ་ཡོངས་སུ་ཤེས་པ་དང་ལྡན་ལ། འཇིག་ཚོགས་ལ་ལྟ་བའི་ཉོན་མོངས་པ་དང་བྲལ་ཏེ། སྟོང་པ་ཉིད་ལ་སྤྱོད་ཡུལ
54b9 བཔར་ཡིན་པ་དང་། འདུ་བྱེད་པམམ་པར་ཀྱི་གྱི་འབྱེད་པ་ཡང་རབ་ཏུ་ཤེས་པ། སེམས་ཅན་ཡོངས་སུ་ཕྱིན་པར་བྱ་བའི་ཕྱིར་བསམས་བཞིན་ད་སྐྱེ་བར་ཡང་བྱེད་པ་དང་། ཁོན་འགྲུས་བརྟན་པས་ཀྱང་ཆུབ་གྱི་བམས་པ་སང་ཡོངས་སུ་ཀྱི་གནོང་།།