| e-texts navigator |
| Wylie |
54a1 ཤེས་ཀྱི་རྣམ་པར་གྲོལ་བ་ལ་ལྷག་པར་དམྱིགས་ཤིང་། རང་བཞིན་གྱིས་ཟག་པ་ཟད་པ་ཤེས་ཤིང་། ཤེས་པ་དེ་མངོན་གསུམ་དུ་བྱེད་པ་ནི་མ་ཡིན་ལ། སེམས་ཅན་ཐམས་ཅད་ཀྱི་ཟག་པ་ཟད་པར་བྱ་བ་ཁོ་ནའི་ཕྱིར་ཡང་འཁོར་བའི
54a2 རྒྱུན་ལ་གནས་པའི་འདི་ནི། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་པའོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྒྲིབ་པ་མྱེད་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཡིན་ཏེ། བཞི་གང་ཞེ་ན། ཐམས་ཅད་མཁྱེན་པཱི
54a3 ཡེ་ཤེས་ཀྱིས་ཡོངས་སུ་བསྒོམས་པའི་མངོན་པར་ཤེས་པ་ལྔ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོམས་པའི་སོ་སོ་ཡང་དག་པར་རིག་པ་བཞི་དང་། ཐམས་དང་ཤེས་རབ་ཀྱིས་ཡོངས་སུ་བསྒོས་པའི་གཟུགས་མྱེད་པའི
54a4 སྙོམས་པར་འཇུག་པ་བཞི་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པས་ཡོངས་སུ་བསྒོམས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཏེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའི
54a5 སྒྲུབ་པ་མྱེད་པོའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཡིན་ནོ།། ཀླུའི་བདག་པོ་དེ་ལ་སྒྲིབ་པ་མྱེད་པའི་ཡེ་ཤེས་མཐོང་བ་གང་ཞེ་ན། ཉོན་མོངས་པ་ཐ་མས་ཅད་མ་མཐོང་ལ། བག་ཆགས་ཀྱི་མཚམས་སྦྱོར་བའི་རྣམ་པའི་ཉོན
54a6 མོངས་པ་ཐམས་ཅད་ཀྱང་ཡང་དག་པར་རབ་ཏུ་བཅོས་པ་གང་ཡིན་པ་དང་། འཁོར་བ་ཡང་མ་མཐོང་ལ་མྱ་ངན་ལས་འདས་པ་ཡང་ཡང་དག་པར་གཞོ་བད་ང། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཡང་མཐོང་ས། བྱང་ཆུབ་ཀྱི་སྙིང
54a7 ཟོ་ལ་ཡང་ཡང་དག་པར་གནོལ་བུ་དང་། སེམས་ཅད་ཀྱི་སྤྱོད་པའི་རྗེས་སུ་འདུག་པ། སེམས་ཀྱི་སྟོད་པ་དབེན་པར་ཡང་ཤེས་པ་སྟེ། འདི་ནི་སྒྲིབ་པསྐྱེད་པའི་ཡེ་ཞེས་མཐོང་བ་ཞེས་བྱའོ།། གཞན་ཡང་སྒྲིབ་པ་མྱེད་པའི་ཡེ་ཤེས་མཐོང་བའི
54a8 ལུས་བྱ་ཅ་མ་ཡང་ཀྱིརྗེས་སུ་ཡང་འདུན་པ།། འདུམས་བྱས་པ་ཡང་ཐོབ་པ་གང་ཡིན་པ་དང་། འདུས་བྱས་པས་པ་ཀྱི་ཡོང་ས། འདུས་ཀྱུ་གྱུ་ཐོ་པའོ།། དྲའི་བདག་པོ་བྱང་ནས་སེམམ
54a9 འདུས་བྱམ་ས་སྤྱོད་པའི་ས་འདུང་ལ་རྒྱས་ཞེས་པམ་ནི་བབྱེད་པ། འདུས་ས་བྱས་ཐོབཔས་ཡང་ལུས་བྱི་རློམས་རྣམས་ཀྱི་སྒྲིབ་པ་བྱེད་དེ། དེར་སྒྲིབ་བཀྱེད་པ་ཞེས་གང་ཡིན་འདོད། བྱང་ཆུས་སེམམ་དཔའི་ཉིས་ཀྱི