e-texts navigator
Collection
Volume
Page
Wylie

53b1 ཅེས་རྣམ་པར་དག་སྟེ། དེའི་སྒྲའི་རྣ་བའི་དབང་པོ་རེས་ནི་དེ་བཞིན་གཤེགས་པའི་སྟན་གྱི་ཡུལ་མ་གཏོགས་པར་སླར་གྲག་པ་གང་ཡང་ཐོས་པར་མྱི་འགྱུར་བ་ཅི་ཡང་མྱེད་དེ། རེས་ནི་སྣ་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ
53b2 གཅོད་པ་རབ་ཏུ་ཤེས་སོ།། ཀླུའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་ས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང་། སེམས་ཀྱི་དམྱིགས་པ་དང་། སེམས་ཀྱི་མཚན་མ་དང་། སེམས་ཀྱི་དཔྱོད་པ་དང་། སེམས་ཀྱི་རྒྱུ་དང་། སེམས་ཀྱི་བམ
53b3 བ་དང་། སེམས་ཀྱི་འབྲས་བུ་དང་། སེམས་ཀྱི་ངེས་པ་དང་། སེམས་ཀྱི་བརྟགས་པ་དང་། སེམས་ཀྱི་རྣམ་པ་སྣ་ཚོགས་དང་། སེམས་ཀྱི་རྗེས་སུ་ཆགས་པ་དང་། སེམས་ཀྱི་ཁོང་ཁྲོ་བ་དང་། སེམས་རྣམ་པར་གཡེང་བ་དང་། སེམས་བཅུ་པ
53b4 དང་། སེམས་བྲལ་བར་གཡོ་བ་དང་། སེམས་ལྷག་པར་གཡོ་བ་དང་། སེམས་སྤྲུལ་པ་དང་། སེམས་གནས་པ་དང་། སེམས་ཀྱི་སྔོན་གི་མཐའ་དང་། སེམས་ཀྱི་ཕྱི་མའི་མཐའ་དང་། སེམས་ཀྱི་ད་ལྟར་བྱུང་བ་དང་། སེམས་ཀྱི་གནས་པ།
53b5 སེམས་ཀྱི་གནས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེ་ས་ཏེ། ཤེས་ནས་ཀྱང་དེ་བཞིན་དུ་དེས། སེམས་ཅན་དེ་དག་ལ་ཆོས་དང་ལྡན་པའི་གཏམ་འཇུག་པ་བྱེད་དོ།། དེས་སྔོན་གྱི་གནས་རྗེས་སུ་དྲན་པས།
53b6 བདག་དང་གཞན་རྣམས་ཀྱི་སྔོན་གྱི་མཐའི་མུར་ཐུག་པའི་བར་གྱི་འཆི་འཕོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་དྲན་ཏེ། རྣམ་པ་དང་བཅས་ཡུལ་ཕྱོགས་དང་བཅས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད
53b7 དང་། གཞན་མ་ཡིན་པར་བརྗོད་པར་བྱེད་དོ།། རྫུ་འཕྲུལ་བྱ་བ་རྣམས་ལ་ཡང་མངོན་པར་འདུ་བྱེད་པ་མྱེད་པ་ཐོབ་པ་སྟེ། བྱ་བ་ཐམས་ཅད་སྟོནང་ཏོ།། ཀླུའི་བདག་པོ་འདི་དག་ནི། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་སྟེ། དེ་ལ
53b8 རང་གི་སེམས་ལ་དབང་བྱེད་པས། དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི་དེའི་རྣམ་པར་རྩེ་བ་སྟེ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་ཀུན་སྟོ་རང་ལ། གཏན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ
53b9 ངན་ལས་འདའ་བ་མ་ཡང་གྱི་བྱེད་པ་ལྟ་བུའོ། དེས་བྱང་ཆུབ་སེམས་དཔའི་ཟག་པ་ཟད་པ་ཤེས་པ་མངོན་གསུམ་དུ་བྱེད་པའི་མངོན་པར་ཤེས་པ་གང་དེར། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལ་མཆགས་ཏེ། སངས་རྒྱས་ཀྱིས།




iiif viewer powered by OpenSeadragon

53a - 54a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo