e-texts navigator
Collection
Volume
Page
Wylie

53a1 རྒྱམ་ཐམས་ཅད་བྱིན་དུལ་ནི་གའི་རྣམརྣམ་པར་དག་པ་ན་འོ།། ཀུན་ནས་ཉན་མོངས་བསྐྱེད་པར་བྱི་པ་ནི།། གའན་གིས་སེམས་ཤེས་པ་རྣམ་གྱུར་རྣས་པར་གྱུར་རོ།། དགེ་ར་ཙམ་དྲང་བར་བྱེད་ཅིང་བམ
53a2 པས་ནི། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། སྒྲིབ་པ་དང་འགྱོད་པ་བསྲེལ་པ་དང་། རྫུ་འཕྲུལ་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། ཆོས་བྱིན་པས་ནི་ཟག་པ་ཟད་པ་ཞེས་པ་རྣམ་པར་དག་པར
53a3 འགྱུར་རོ།། ཀླུའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ལ་སྟ་བས་ནི། ལཱའི་མྱིག་རྣམ་པར་དག་པར་འགྱུར་རོ།། དམ་པའི་ཆོས་མཉན་པས་མི། སྭའི་ན་བ་རྣམ་པར་དག་པར་འགྱུར་རོ།། སེམས་ཀྱིས་ངེས་པར་བརྟགས་པས་ནི། གཞན
53a4 ཀྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་རོ།། དགེ་འདུན་རྗེས་སུ་དྲན་པས་ནི། སྔོན་གི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། འདུན་པ་དྲ་གྲ་བོས་ནི་རྫུ་འཕྲུལ་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། ཆོས་སྒྲུབ་པས
53a5 ནི་ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། དེ་ལ་མངོན་པ། ར་ཤེས་པས་རྣམ་པར་རྩེ་བ་གང་ཞེ་ན། ཀླུའི་བདག་པོ་འདི་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལྷའི་མྱིག་གང་ཡིན་པ་དང་། ཕྱི་རོལ་གྱི་དྲང་སྲོང་མངོན
53a6 བར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་ལྷའི་མྱིག་གང་ཡིན་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་ཕྱེ་ཆེན་པོ་དང་། མྱི་དང་མྱི་མ་ཡིན་པ་རྣམས་ཀྱི་ལྷའི་མྱིག
53a7 གང་ཡིན་པ་དེ་བས་ནི། བྱང་ཆུབ་སེམས་དཔའི་ལྷའི་མྱིག་དེ་ཆེས་འདས་པ་དང་ཆེས་གསལ་བ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་མཆོག་ཏུ་གྱུར་པ་དང་། ཆེས་རྣམ་པར་དག་སྟེ། དེའི་ལྷའི་མྱིག་དེས་ནི་དེ་བཞིན་གཤེགས་པའི
53a8 སྤྱན་གྱི་ཡུལ་མ་གཏོགས་པར་སེམས་ཅན་དུ་སྣང་བ་འམ། གཟུགས་སུ་སྣང་བ་འམ། ཆོས་སུ་སྣང་བ་གང་ཡང་མྱི་རྟོགས་པ་དང་། མྱི་མཐོང་བ་དང་། མྱི་ཤེས་པ་ཅི་ཡང་མྱེད་དོ།། ཀླུའི་བདག་པོ་དེ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི
53a9 སྒྲའི་རྣ་བ་གང་ཡིན་པ་ནས། མྱི་དང་མྱི་མ་ཡིན་པའི་བར་རྣམས་ཀྱི་ལྷའི་རྣ་བ་གང་ཡིན་པ་དེ་བས་ནི། བྱང་ཆུབ་སེམས་དཔའི་ལྷའི་རྣ་བ་དེ་ཆེས་འདས་པ་དང་། ཆེས་གསལ་བ་དང་། ཆེས་ཁྱད་པར་འཕགས་པ་དང་། ཆེས་མཆོག་ཏུ་གྱུར་ད་པ་དང་།




iiif viewer powered by OpenSeadragon

52b - 53b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo