e-texts navigator
Collection
Volume
Page
Wylie

52b1 དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་སྲུང་བར་མྱི་འགྱུར་རོ།། ཀླུའི་བདག་པོ་ཆོས་པའི་དང་ལྡན་ས། བྱང་ཆུབ་སེམས་དཔའ་རྣམས་བརྟེན་ཏེ། འབྱུང་བ་ལ་འཇུག་པ་ས་མཁས་པ་ཡིན་ཏེ། མ་རིག་པ་ཀུན་འབྱུང
52b2 ནས། རྒ་ཤི་ཀུན་འབྱུང་བའི་བར་ལ་འཇུག་པ་དང་། མ་རིག་པ་འགག་པ་ནས་རྒ་ཤི་འགག་པའི་བར་ལ་འཇུག་པ་དང་། ཆད་པར་ལྟ་བར་ཡང་མྱི་ལུང་བ་དང་། རྟག་པར་ལྟ་བ་ཡང་མྱི་གནས་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན།
52b3 བྱང་ཆུབ་སེམས་དཔའ་རྣམས་བརྟེན་ཏེ་འབྱུང་བ་ལ་འཇུག་པ་ལ་མཁས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྟ་བར་གྱུར་པ་ཐམས་ཅད་དུ་ལྟ་བར་མྱི་འགྱུར་ཏེ། བཞི་གང་ཞེ་ན། སྟོང་པ་ཉིད་ཀྱི་ཤེས་པས
52b4 བདག་དང་སེམས་ཅན་དུ་ལྟ་བར་མྱི་འགྱུར་བ་དང་། མཚན་མ་མྱེད་པའི་ཤེས་པ་སུ་སྲོག་དང་གང་ཟག་ཏུ་ལྟ་བར་མྱི་འགྱུར་བ་དང་། སྨོན་པ་མྱེད་པའི་ཤེས་པས་འ་བྱུང་བ་དང་འཇིག་པར་ལྟ་བར་མྱི་འགྱུར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང
52b5 བའི་ཤེས་པས་ཆད་པ་དང་རྟག་པར་ལྟ་བར་མྱི་འགྱུར་བ་སྟེ། ཆོས།། བཞི་པོ་འདི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྟ་བར་གྱུར་པ།། པ་ཐམས་ཅད་དུ་ལྟ་བར་མྱི་འགྱུར་རོ།། ཀླུའི་བདག་པོ་ཆོས་དྲུག་དང
52b6 ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པས་རྣམ་པར་རྩེ་བར་འགྱུར་ཏེ། དྲུག་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོར་ཁྲོ་བ་མྱེད་པའི་ལྟ་བས། དེའི་ལྷའི་མྱིག་རྣམ་པར་དག་པར་འགྱུར་བ་དང་།
52b7 ངན་དུ་སྨྲས་པའི་ཚིག་དང་དུ་ལེན་པས། ལྷའི་རྣ་བ་རྣམ་པར་དག་པར་འགྱུར་བ་དང་། སེམས་ཀུན་ནས་ཉོན་མོངས་པ་མྱེད་པ་གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། སྔོན་བྱས་པའི་དགེ་བའི་རྩ་བ་སེམས་ཅན་ཐམས
52b8 ཅད་ལ་གཏོང་བས་སྔོན་གི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། མཐུན་པར་བྱེད་པ་དང་། བཀའ་བློ་བདེ་བ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པས། རྫུ་འཕྲུལ་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། ཆོས
52b9 རྣམས་ལ་སློབ་དཔོན་དཔེའ་མཐུན་མྱེད་པས། ཟག་པ་ཟད་པ་རྣམ་པར་དག་པར་འགྱུར་བ་སྟེ། དྲུག་པོ་དེ་དག་གོ།། ཀླུའི་བདག་པོ་གཞན་ཡང་མར་མྱེ་བྱིན་པས་ནི་ལྷའི་མྱིག་རྣམ་པར་དག་པར་འགྱུར་རོ།། སིལ་སྙན་དང་ཕེག་རྡོབ་པ་དང




iiif viewer powered by OpenSeadragon

52a - 53a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo