| e-texts navigator |
| Wylie |
52a1 པོ་ཡིན་པར་ངེས་པར་རྟོག་པ་དང་། བདག་གཟུང་དུ་མྱེད་པས་ཆོས་ཐམས་ཅད་གཟུང་དུ་བྱེད་པར་རབ་ཏུ་ཤེས་པ་སྟེ། བཅུ་པོ་དེ་དག་གོ།། ཀླུའི་བདག་པོ་གཞན་ཡང་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས
52a2 ཟབ་མོའི་ཚུལ་ལ་གནས་པ་ཡིན་ཏེ། བཅུ་གང་ཞེ་ན། རྣམ་པར་བསྒྲུབས་པས་གནས་པའི་མཚན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་པ་དང་། ཕྱིན་ཅི་ལོག་ལས་ཟང་བར་མཐོང་བས་ཆོས་ཐམས་ཅད་རྨྱིལ་མ་ལྟ་བུར་རབ
52a3 ཏུ་ཤེས་པ་དང་། ཕྱིན་ཅི་ལོག་ཏུ་འདུ་ཤེས་པས་ཆོས་ཐམས་ཅད་སྨྱིག་རྒྱུ་ལྟ་བུར་རབ་ཏུ་ཤེས་པ་དང་། རྒྱུའི་བྱ་བ་དང་རྐྱེན་ལ་དམྱིགས་ཏེ། སྐྱེ་བས་ཆོས་ཐམས་ཅད་མྱིག་ཡོར་ལྟ་བུར་རབ་ཏུ་ཤེས་པ་དང་། འཕོ་བ་མྱེད་པའི་མཚན་ཉིད་ལས
52a4 ཕྱིར་མ་ལོག་པས། ཆོས་ཐམས་ཅད་ཆུ་ཟླ་ལྟ་བུར་རབ་ཏུ་ཤེས་པ་དང་། ཡུལ་ན་མྱི་གནས་ཤིང་ཕྱོགས་ན་མྱི་གནས་ཏེ། ངོ་བོ་ཉིད་མྱེད་པས་ཆོས་ཐམས་ཅད་བྲག་ཅ་ལྟ་བུར་རབ་ཏུ་ཤེས་པ་དང་། སྐད་ཅིག་ཀྱང་མྱི་སྡོད་པས་ཆོས་ཐམས་ཅད
52a5 སྤྲིན་དང་གློག་སྣང་བ་ལྟ་བུར་རབ་ཏུ་ཤེས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཆགས་པར་མྱི་འགྱུར་བས། ཆོས་ཐམས་ཅད་གཞ་འཚོན་ལྟ་བུར་རབ་ཏུ་ཤེས་པ་དང་། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་པཉོན
52a6 མོངས་པ་ཅན་དུ་མྱི་འགྱུར་བས། ཆོས་ཐམས་ཅད་རང་བཞིན་གིས་རབ་ཏུ་ཀ་པར་ཤེས་པ་དང་། སྐྱེ་བ་དང་འཇིག་པ་དང་གནས་པ་དང་། བྲལ་བས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རབ་ཏུ་ཤེས་ཏེ། ཀླུའི་བདག་པོ་ཆོས་བཅུ་པོ
52a7 དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆད་པར་ལྟ་བར་ལྟུང་བར་མྱི་འགྱུར་ཏེ། གཉིས་གང་ཞེ་ན། ལས་ཀྱི་བྱ་བ
52a8 ལ་འཇུག་པ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་བསྒྲུབ་པ་སྟེ། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆད་པར་ལྟ་བར་ལྟུང་བར་མྱི་འགྱུར་རོ།། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན།
52a9 བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྟུང་བར་མྱི་འགྱུར་ཏེ། གཉིས་གང་ཞེ་ན། མྱི་རྟག་པའི་ཆོས་ལ་འཇུག་པ་ཤེས་པ་དང་། སྐྱེས་ནས་ཞག་ཅིང་ཞུ་སྟེ། མྱི་གནས་པར་རབ་ཏུ་རྣམ་པར་དབྱེ་བ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་དེ་གཉིས