| e-texts navigator |
| Wylie |
51a1 ཞི་བ་དང་། ཉེ་བར་ཞི་བར་བྱེད་པའོ།། རབ་ཏུ་འབྱུང་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པའི་ཕྱིར། ལམ་ལ་འཇུག་པའོ།། རབ་ཏུ་འབྱུང་བ་ནི་འཕགས་པའི་བདེན་པ་རྣམས་ལ་སེམས་ཅན་དགོད།
51a2 པའི་ཕྱིར། བདེན་པ་ལ་འཇུག་པ་སྟེ། ལྔ་པོ་དེ་དག་གོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ནགས་དང་ནགས་འདབ་ན། རྒྱུ་ཞིང་བས་མཐའི་གནས་མལ་དག་ན་གནས་པ་ཡིན་ཏེ། བཞི་གང་ཞེ་ན།
51a3 ལུས་དང་སྲོག་ལ་མྱི་ལྟ་བ་དང་། དགེ་བའི་ཆོས་ཐམས་ཅད་ལ་ལྟ་བ་དང་། མངོན་པར་ཤེས་པའི་ཤེས་པ་བསྐྱེད་པར་འདོད་པ་དང་། སྤྱོད་ལམེ་རབ་ཏུ་ཞི་བས། ལྷ་དང་མྱི་རྣམས་མགུ་བར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དག་དང་ལྡན་ན
51a4 བྱང་ཆུབ་སེམས་དཔའ་རྣམས་ནགས་དང་ནགས་འདབ་ན་རྒྱུ་ཞིང་བས་མཐའི་གནས་མལ་དག་ན་གནས་པ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དོན་གྱི་དབང་རྣམ་པར་བཞི་མཐོང་ནས། ནགས་དང་ནགས་འདབ་ན་རྒྱུ
51a5 ཞིང་པས་མཐའི་གནས་མལ་དག་ན་གནས་པ་ཡིན་ཏེ། བཞི་གང་ཞེ་ན། དགོན་པ་དང་། རབ་ཏུ་དགོན་པ་འདི་དག་ནི་སངས་རྒྱས་ཀྱིས་བསྔགས་པ། ཡིན་ཏེ། དགོན་པ་ན་གནས་ན། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད
51a6 རབ་ཏུ་ཐརྡ་པར་བྱ་བ་ལ་དམྱིགས་པ་ནི། བདག་གི་ཐེ་མོ་གཏམ་ཟེར་བཡིན་གི། ཕྱོགས་གཅིག་ཏུ་གྱུ་པ་ནི་མ་ཡིན་ནོ་སྙམ་པ་དང་། བདག་གིས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བསྔགས་ཀྱི། ཉོན་མོ་རས་པ་རྣམས་ནི་མ་ཡིན
51a7 རོ། བདག་གིས་ཡོངས་སུ་སྦྱང་བ་བྱས་པའི་བྱང་ཆུབ་སེམས་དཔའ་དུམ་དག་གིས་རྗེས་སུ་བཟབ་དགོས་སོ་སམ་པ་དང་། བདག་དགོན་པ་ལ་གནས་ཏེ། ཆོས་ཐམས་ཅད་ཡང་དག་པར་བསྒྲུབས་ནས། གྲོང་དང་གྲོང་ཁྱེར་དང་། གྲོང་རྡས་དང་། སྤོངས
51a8 དང་། ཡུལ་འཁོར་དང་། བློ་ཟང་འཁོར་དག་ཏུ་མོ་སྟེ། སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ་སྙམ་པ་སྟེ། ཀླུའི་བདག་པོ་ཆོས་པའི་པོ་དེ་དག་དང་ལྡམས་ནགས་དང་དགས་འདྲ་བ་ན་མྱ་རིང་བས་མཐའི་གནས་མལ་དག་གནས་པ་ཡིན་ནོ།།
51a9 བུའི་འདས་མོ་གསུམ་མོ་འདི་དག་ནི་འཕགས་པའི་རིགས་དང་བྱངས་པའི་སོར་དང་། ཀྱང་བསྲུངས་པ་ལ་གནམ་པའི་སེམས་པའི་ཡོན་ཏ་དང་བ་སོན་སུས་དང་རབ་ཆོག་ཡིན་ཏེ། གསུམ་གང་ཤེ་ན་དགའ་བ་དང་། ཀྱིངས་མ