| e-texts navigator |
| Wylie |
50b1 ཞེས་ཡོད་པ་བླན་སུམ་ཚོགས་པ་པས་དགེ་བའི་གཤེས་གཉེད་ལ་བསྲེད་པ་དང་། སྙི་ཆེར་པོ་ས་སེམས་ཅན་ལས་པ་དང་། ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། འཕགས་པའི་སྐྱེ་བོ་ལ་རིམ་གྲོ་བྱེད་པ་དང་། ཤེས་པས་སྤངས
50b2 བཅས་པའི་འཇིག་རྟེན་ཡོངས་སུ་བསླབ་པ་སྟེ། ཀླུའི་བདག་པོ་ཆོས་འངས་སས། བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་སྒྲུབ་པས་མངོན་པར་འཕགས་པར་འགྱུར་རོ།། ཀྭའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་ཕན་ཡོ
50b3 རྣམ་པ་ལྔ་པོ་འདི་དག་ཡང་དག་པར་མཐོང་ནས། རབ་ཏུ་འབྱུང་བ་ལ་མོས་པར་འགྱུར་ཏེ། ལྔ་གང་ཞེ་ན་བདག་གིས་ལས་བྱས་པ་ཆུང་ཟ་བར་མྱི་འགྱུར་བ་དང་། བདག་གིས་བྱས་པའི་བག་ཆགས་ཀྱིས་བསྒོ་བར་འགྱུར་བ་དང་། ཡོངས
50b4 སུ་འཛིན་པ་ཐམས་ཅད་ལས་བདག་གི་སེམས་གཏོང་བར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་སྤད་པར་མྱི་འགྱུར་བ་དང་། བདག་གྲོལ་ཟིན་ནས་ཀྱང་ཉོན་མོངས་པའི་བཅིང་བ་རྣམས་ཀྱིས་བཅིངས་པའི།
50b5 སེམས་ཅན་རྣམས་འཆིང་བ་དེ་ལས་རབ་ཏུ་ཐ་རད་པར་བྱ་བའི་ཕྱིར། ཆོས་སྟོན་པར་འགྱུར་རོ་སྙམ་པ་སྟེ། ལྔ་པོ་དེ་དག་གོ།། གཞན་ཡང་ན་མ་པ་ལྔ་སྟེ། ལྔ་གང་ཞེ་ན། རབ་ཏུ་འབྱུང་བ་ནི་ཚུལ་ཁྲིམས་འཆལ
50b6 པའི་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་དང་མཐུན་པ་ཡིན་ནོ།། རབ་ཏུ་འབྱུང་བ་ནི་ཐོས་པ་ཉུང་བའི་སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར་ཐོས་པ་དང་མཐུན་པ་ཡིན་ནོ།། རབ་ཏུ་བྱུང་བ
50b7 ནི་སེམས་རྣམ་པར་གཡེངས་པའི་སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་དུ་དང་མཐུན་པ་ཡིན་ནོ།། རབ་ཏུ་འབྱུང་བ་ནི་ཤེས་རབ་འཕྲུལང་པའི་སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར། ཤེས་རབ་རང་མཐུན་པ་ཡིན་ནོ།།
50b8 རབ་ཏུ་འབྱུང་བ་ནི་མྱ་ངན་ལས་འདས་པའི་བདེ་བའི་ལམ་ས་སེམས་ཅན་དགོད་པར་བྱ་བའི་ཕྱིར། རྣམ་པར་གྲོལ་བའི་ཡེ་ཤེས་དང་མཐུར་པ་ཡིན་ཏེ། ལྔ་པོ་དེ་དག་གོ།། གནན་ཡང་རྣམ་པ་ས་སྟེ། སྭ་གང་ཞེན། རབ་ཏུ་འབྲང་བ
50b9 ནི་ཕུང་པོ་ཡོངས་སུ་ཞེས་པར་བྱ་བའི་ཕྱིར། བརྒྱལ་བཅོས་པའོ།། རབ་ཏུ་འབྱུང་བ་ནི་ཀུན་འབྱུང་བའི་སང་བའི་ཕྱིར་། མེད་པའི་བགཞལ་བསོར་བའོ།། རབ་ཏུ་འབྱུང་བ་ནི་འགོག་པ་མངོན་གསུམ་དུ་བྱ་བའི་ཕྱིར། ནི་བ་དཔ