e-texts navigator
Collection
Volume
Page
Wylie

50a1 དྲུས་པོ་ཆུང་པོ་དུས་དས་ན། བྱང་ཆུབ་སེམས་དང་འདམས་རྫས་ཀྱི་མདཔའ་ས་དས་པ@།། འི་བདས་པོ་བྱུང་བ་ས་ས་མ་མད་ཀྱི་ང་རྣས་པམ་ཀྱ
50a2 སུ་ཆོལ་པ་ན་ཆོག་ཀྱི་ཞེས་ཏེ། སྔ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཐོས་པ་ལས་ཤེས་རབ་འབྱུང་བར་ཡང་དག་པར་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་ཀྱི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་འགྱོད་པ།
50a3 དང་། ཐེ་ཙོམ་མྱེད་པར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་མཆོག་ཀྱི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྟོགས་པར་འགྱུར་བར་ཡང་དག་པར་མཐོང
50a4 བའི་ཕྱིར་ཐོས་པས་ཡོངས་སུ་ཚོལ་བ་ན་ཆོག་མྱི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་ནས། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར། ཉོན་མོངས་པ་སྤོང་བར་འགྱུར་བར་ཡང་དག་པར་མཐོང
50a5 བའི་ཕྱིར། ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མྱི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས། མྱི་འཇིགས་པར་གྱུར་པ་ལ་མྱི་ལ། ཇིགས་པ་ལས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཆད་པར་འགྱུར་བར
50a6 ཡང་དག་པར་མཐོང་བའི་ཕྱིར། ཐོས་པ་ཡོངས་སུ་ཚོལ་བ་ན་ཆོ་ག་མྱི་ཤེ་ས་པ་སྟེ། ལྔ་པོ་དེ་དག་གོ།། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་དོན་གྱི་དབང་ཀྱི་རྣམ་པ་གཉིས་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན
50a7 ཆོ་ག་མྱི་ཤེས་ཏེ་གཉིས་གང་ཞེ་ན། འཕགས་པའི་ཡང་དག་པའི་ལྟ་བ་སྐྱེ་བ་དང་། ཆགས་པ་མྱེད་པའི་གཟུངས་འཐོབ་པ་སྟེ། དེ་གཉིས་སོ།། ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཐོས་པ་སྒྲུབ་པས
50a8 མངོན་པར་འཕགས་པར་འགྱུར་ཏེ། བཅུ་གང་ཞེ་ན། རྙེད་པ་དང་བཀུར་སྟི་རྣམས་ལ་འདོད་པ་ཉུང་ཞིང་ཆོ་ག་ཤེས་པ་དང་། ཡོངས་སུ་ཚོལ་བ་རྣམས་ལ་ལུས་དང་སྲོག་ལ་མྱི་སྨྲ་བ་དང་། སྤྱོད་ལམ་རྣམས་ལ་དྲན་པ་དང་ཤེས་བཞིན་པ་དང་། ཇི
50a9 སྐད་ཐོས་པ་ལ་ཤས་ཆེར་ཡོངས་སུ་རྟོག་པ་དང་། འདུ་འཛི་མྱེད་པས་བྱ་བ་ཉུང་བ་དང་། སྦྱོར་བ་ལ་བརྩོན་པའི་བརྩོན་འགྲུས་ཀྱིས། ནམ་ཕྱི་མ་སྟོད་དང་། ནམ་གྱི་ཆ་སྐ་ལ་མྱི་ཉལ་པ་དང་། བླ་མ་ལ་གུས་པ་དང་། རི་མོ་བྱེད་པ་དང་། རོ་ཚ་ཤེས་པ་དང




iiif viewer powered by OpenSeadragon

49b - 50b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo