e-texts navigator
Collection
Volume
Page
Wylie

49b1 བ་མ་ཡིན་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་ཏུ་གཉེར་བ་ཡིན་ནོ།། ཀླུའི་བདག་པོ་ཆོས་དྲུག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་འདོད་པ་ཡིན་ཏེ། དྲུག་པོ་དག་གྲང་ཞེ
49b2 ན་འདི་ལྟ་སྟེ། རབ་ཏུ་བྱུང་བའི་ཡོན་ཏན་འདོད་ཀྱི། གོས་ཚོན་ཆེན་གྱི་རྟགས་འཛིན་པ་ཙམ་འདོད་པ་མ་ཡིན་པ་དང་། ཆོས་ཉན་པ་འདོད་ཀྱི་འཇིག་རྟེན་རྒྱང་པན་པའི་གསང་ཚིག་ཉན་འདོད་པ་མ་ཡིན་པ་དང་། ཆོས་བསྟན་པ་འདོད་ཀྱི།
49b3 འཇིག་རྟེན་གྱི་ཟང་ཟིང་འདོད་པ་མ་ཡིན་པ་དང་། ཆོས་ལ་སོ་སོར་རྟོག་པ་འདོད་ཀྱི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདོད་པ་མ་ཡིན་པ་དང་། ཆོས་བསྒྲུབ་པ་འདོད་ཀྱི་ཡི་གེ་དང་ངེས་པའི་ཚིག་དང་། བརྡ་ཡོངས་སུ་ཚོལ་བ
49b4 འདོད་པ་མ་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་ཉན་འདོད་ཀྱི། ཉན་ཐོས་དྲང་རང་སངས་རྒྱས་ཀྱི་ཆོས་འདོད་པ་མ་ཡིན་པ་སྟེ། ཀླུའི་བདག་པོ་ཆོས་དྲུག་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་འདོད་པ་ཡིན་ནོ།།
49b5 ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་ཡིན་ཏེ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་ཀྱི་གཏམ་ལ་དགའི་ཐེག་པ་དམན་པའི་གཏན་ལ་མ
49b6 ཡིན་པ་དང་། བསླུ་བའི་དངོས་པོའི་གཏམ་ལ་དཀའི། ཕྱི་ན་ཅི་ལོག་གི་ན་ཏམ་ལ་མ་ཡིན་པ་དང་། ཆོས་ཀྱི་ལུགས་ཀྱི་གཏམ་ལ་དག་ལི། འཇིག་རྟེན་རྒྱ་ང་ཕན་པའི་གཏམ་ལ་མ་ཡིན་པ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱི་གཏམ
49b7 ལ་དགའི། འཁོར་བ་བཅད་པའི་གཏམ་ལ་མ་ཡིན་པའ་དང་། འབ་ཅིང་གཏིང་དཔག་དཀའ་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་ལ་དགའི། བདག་ཏུ་ལྟ་བ་འཛིན་པའི་གཏམ་ལ་མ་ཡིན་པ་དང་། ཆོས་བདག་བྱེར་པའི་རང་བཞིན་དང་།
49b8 རྐྱེན་རྣམ་པར་དག་པའི་གཏམ་ལ་དགའི། ཆང་པ་དང་རྟག་པའ་དང་། བདག་དང་སེམས་ཅན་དང་སྲོག་དང་སྐྱེས་བུ་དང་། གང་བག་ཏུ་འཛིན་པའི་གཏམ་ལ་ས་ཡིན་པ་དང་། སློང་པ་ཉིད་དང་། མཚན་མ་བྱེད་པ་དང་། སྟོན་པ་མྱེད་པའི་གཏམ
49b9 པར་དག་པ་འི་ས་པ་ལ་དགའི།། དམྱིགས་པར་ས་པའི་གཏམ་ལ་མ་ཡིན་པ་དང་། རབ་ཏུ་བྱུང་བ་ལ་དམྱིགས་པ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པའི་གཏམ་ལ་ངཀའི། རིབལ་བཏང་སྙོམས་སུ་བྱེད་པའི་གཏམ་ལ་མ་ཡིན་པ་། ཀླུའི




iiif viewer powered by OpenSeadragon

49a - 50a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo