e-texts navigator
Collection
Volume
Page
Wylie

48b1 མྱི་འགྱུར་ཏེ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་བསེམ་བཀུར་དང་མཆོད་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་བསྔགས་པ་རྒྱུན་ཏུ་བརྗོད་པ་དང་། དེ་བཞིན་གཤེས
48b2 པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། དེ་བཞིན་གཤེགས་པ་བལྟ་བ་ལ་སེམས་ཅན་རྣམས་ཡང་དག་པར་འཛུད་པ་དང་། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པ་བཞུགས་པ་ཐོས་པ་དེར་སྐྱེ་བར་སྨོན་ལམ་འདེབས་པ་དང་།
48b3 རྒྱུད་ཞུམ་པ་མྱེད་ཅིང་རྒྱ་ཆེན་པོ་ལ་མོས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས། སངས་རྒྱས་མཐོང་བ་དང་བྲལ་བར་མྱི་འགྱུར་རོ།། ཀླུའི་བདག
48b4 པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གཉེན་རྟེན་པར་གྱུར་པ་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་སྒྱུ་མྱེད་པ་དང་། གཡོ་མྱེད་པར་བསྙེན་བཀུར་བྱེད་པ་དང་། ཆོས་ལ་གཅེས
48b5 པ་དང་། གུས་པ་དང་། རི་མོ་བྱེད་པ་དང་། བཀའ་བྲོ་བདེ་ཞིང་གསོ་ས་ལ་ངེས་པ་དང་། ང་རྒྱལ་མྱེད་ཅིང་སྲི་ཞུ་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས
48b6 གཉེན་རྙེད་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན། ང་ཆུབ་སེམས་དཔའ་རྣམས་འཚམ་པའི་ཡུལ་དུ་གནས་པར་ཐོབ་པར་གྱུར་ཏེ། གསུམ་གང་ཞེ་ན་འདི་ལ་སྟེ། གྱི་བརླང་ཞིང་གྱ་གྱུ་མྱེད་པའི
48b7 སེམས་དང་ལྡན་པ་དང་། ཕྲག་དོག་དང་། སེར་སྣ་གསལ་བ་དང་། གཞན་དག་གི་རྙེད་པ་དང་བཀུར་སྟི་དང་། བདེ་བར་སྦྱང་བ་ལ་དཀའ་བ་སྟེ། ཀླུའི་བདག་པོ་གསུམ་པོ་དེ་དག་དང་ལྡན་མ། བྱང་ཆུབ་སེམས་དཔའ་རྣམས་འཚམ་པའི་ཡུལ་དུ
48b8 གནས་པ་ཐོབ་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་ལྔ་དང་ཡཱན་ན། བྱང་ཆུབ་སེམས་དཔའ་རྣམས་དང་པ་དང་ལྡན་པར་འགྱུར་ཏེ། ལྔ་པོ་དག་གང་ཞེ་ན་འདི་ས་སྟེ། མོས་པའི་སྟོབས་དང་། བསོད་ནམས་ཀྱི་ཚོགས་ཀྱི་སྟོབས་དང་། ལས
48b9 བྱིརྣམ་པར་བྱིན་པ་ལ་འདུག་པའི་མབས་དག་ཀྱང་ཆུབ་ཁྱིམམ་མ་མི་འདོང་བའི་ཐོབས་དང་ཆོམ་ཉིད་ནོན་པའི་གྲོ་སྟེ། ཀྭའི་བདན་མ་ཚོམས་པོ་རིདག་ད་ནས། བྱང་ཆུམ་སེམས་དཔསནམས་དང་སངས་བསན




iiif viewer powered by OpenSeadragon

48a - 49a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo