e-texts navigator
Collection
Volume
Page
Wylie

48a1 9། ཁྱོད་ལེགས་སོ།། ཀྭའི་བདག་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་མོ་ཞེས་གསོལང་ཏེ།། ཀླུའི་རྒྱལ་པོ་རྒྱམཚོ་བཅོམ་ལྡན་འདས་ཀྱི་སྐར
48a2 ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེལ་འདི་སྐད་ཅེས་བཀའ་སྩལང་ཏོ།། ཀྭའི་བདག་པོ་མོས་པའི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་། ངན་སོང་ཐམས་ཅད་ཡང་དག་པར་འཆད་པར་འགྱུར་ཏེ། བའི་གང་ཞེ་ན་འདིས
48a3 སྟེ། སེམས་ཅན་ཐམས་ཅད་ལ་ཁོང་འཁྲོ་བའི་སེམས་མྱེད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བབླངས་ནས། ཐམས་ཅད་བསྲུང་བ་དང་། གཞན་གི་ཉེས་པ་མྱི་གླེང་ཞིང་བརྙས་པར་མྱི་བྱེད་ཀྱི། གཞན་གི་འཁྲུལ་པ་ལ་མྱི
48a4 རྟོག་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་ངན་སོང་ཐམས་ཅད་ཡང་དག་པར་ཆད་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་མྱི་ཁོམ
48a5 པ་ཐམས་ཅད་སྤོང་བར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། དཀོན་མ་ཆོ་ག་གསུམ་པོ་འདི་ལྟ་སྟེ། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མ་ཆོ་ག་དང་། དགེ་འདུན་དཀོན་མཆོག་གི་བསྔགས་པ་རྒྱུན་དུ་བརྗོད་པ་དང
48a6 ཆོས་འདོད་པ་རྣམས་གཡེངས་པར་མྱི་བྱེད་པ་དང་། གཞན་དག་གི་འགྱོར་པ་མྱི་སྐྱེད་པ་དང་། སེམས་ཅན་འགྱོད་ཅིང་འདུག་པ་རྣམས་ཀྱི་འགྱོད་པ་སེལྡ་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ
48a7 སེམས་དཔའ་རྣམས་མྱི་ཁོམ་པ་ཐམས་ཅད་སྤོང་བར་འགྱུར་རོ།། ཀླུའི་བདག་པོ་ཆོས་པའི་དང་ལྡན་ན། བྱང་ཆུབ་སེམས་དཔལ་རྣམས་ལྔ་དང་རྩིའི་སྐྱེ་བར་འགྲོ་བར་འགྱུར་ཏེ། བའི་གང་ལེ་ན་འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་གཏོང་ཞིང
48a8 གཞན་དག་ལ་ཡང་སྤོགས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་པ་མྱི་གཏོང་ཞིང་ཉམས་པར་མྱི་བྱེད་པ་དང་། སྨོན་ལམ་ལ་བསམ་པ་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར། དེ་དག་ལ་སྙིང་རྗེ་ཆེན་པོ།
48a9 བསྐྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྷ་དང་མྱིའི་སྐྱེ་བར་འགྲོ་བར་འགྱུར་རོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་བྲལ་བ




iiif viewer powered by OpenSeadragon

47b - 48b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo