e-texts navigator
Collection
Volume
Page
Wylie

47b1 ན་བྱང་ཆུབ་སེམས་དཔའ་རྣམས་དད་པ་དང་ལྡན་པའི་ཤས་ཆེ་བ་དང་། ལས་ཀྱི་རྣམ་པར་སྦྱིན་པ་ལ་སྟོན་པ་དང་། མྱི་དགེ་བའི་ཆོས་ཐམས་ཅད་སྤངས་ནས། དགེ་བའི་ཆོས་ཐམས་ཅད་ཀྱིས་འབོགས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན
47b2 བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་ཏུ་གཉེར་བ་དང་། ཆོས་འཚལ་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་དང་། ཐོས་པ་འཚོལ་བས་ཆོག་མ་འཚལ་བ་དང་། ཐོས་པ་བསྒྲུབ་པས་མངོན་པར་འཕགས་པ་ལགས
47b3 བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་འབྱུང་བ་ལ་སྨོན་པ་དང་། ནགས་དང་ནགས་འདབ་ན་རྒྱུ་བ་དང་། འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་མངོན་པར་དགའ་བ
47b4 དང་། རབ་ཏུ་བྱུང་བའི་ཡོན་ཏན་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལགས་པ་དང་ཆད་པ་དང་། རྟག་པར་ལྟ་བ་ཡོངས
47b5 སུ་སྤངས་པ་དང་། རྒྱུ་དང་རྐྱེན་ཀྱིས་ཆོས་རྣམས་ལ་ཞུགས་པ་དང་། ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བ་ལགས། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ཡེ་ཤེས
47b6 ཀྱིས་རྣམ་པར་རྩེ་བ་དང་། སྒྲིབ་པ་མ་མཆིས་པའི་ཡེ་ཤེས་མཐོང་བ་ལགས་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་ཆོ་ག་འཚལ་བ་ལགས།། བཅོམ་ལྡན་འདས་ཇི
47b7 ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྨྱིན་པར་བགྱི་བ་དང་། གཟུང་བ་དང་ཀླག་པ་དང་། བརྡ་སྤྲོད་པ་མཁས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས། བདུད་ཕྱིར་རྒོལ་བ་བཅོམ་པ་དང་། སྐྲག་པ་དང
47b8 འཇིགས་པ་ཐམས་ཅད་དང་བྲལ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས། ཕྱིར་མྱི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་དང་། བཟོད་པ་ཐོབ་པ་དང་། ལུང་བསྟན་པ
47b9 ཐོབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་ལེགས་སོ།། ལེགས་སོ།། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི། ཀླུའི་བདག་པོ།




iiif viewer powered by OpenSeadragon

47a - 48a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo