e-texts navigator
Collection
Volume
Page
Wylie

47a1 ཞུགས་དཔལ་དང་ཡོན་ཏན་རྣམས་དང་བྱམས་པས་ཕམ་པར་མཛད།། དེ་སྐད་མྱི་རྣམས་སུ་ཞིག་དེང་འདིར་ཁྱོད་ལ་མཆོད་པའི་སླད་དུ་ཁྱོད་ལ་ངོམས་པར་འཛིན།། མངའ་བདག་ཁྱོད་ཀྱིས་ཆོས་རྣམས་བྱེད་པ་མྱེད་དང་། ཡ་མ
47a2 བླ་དང་ཟླ་བ་འདྲ་བ་དང་། དབུ་བ་གློག་སྤྲིན་ཆུ་ཡི་ཆུ་བུར་འདྲ་ཞིང་སྒྱུ་མ་སྨྱིག་རྒྱུ་ལྟ་བུར་ཐུགས་སུ་ཆུད། གང་ལ་རྒྱུ་མྱེད་རྟོག་པ་མྱི་འབྱུང་ཁྱོད་ཀྱི་ཆོས་དེ་དག་ནི་རྟག་ཏུ་བདག་མྱེད་དོ།། དེ་ལྟར་འགྲོ་བའི་འདོད་པ་འང་སྐྱེད་མཛད་པས་ན་མངའ་བདག
47a3 ཁྱོད་ནི་ཐ་རད་པ་ལགས་པར་འོས།། གང་གི་དོན་ཏུ་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་དཀའ་བ་རྣམས་ནི་བསྟེན་པ་དང་། གང་གི་དོན་ཏུ་རྟག་ཏུ་འགྲོ་ལ་ཕན་མཛད་འདྲེན་པ་རྣམས་ལ་མཆོད་པ་མཛད་པ་དང་། གང་གི་དོན་ཏུ་སྤྱན་དང་ཡང་དག
47a4 སྡོམ་དང་དུལ་དང་བཟོད་པ་རྟག་ཏུ་སྟེན་པའི། རྣམ་འདྲེན་དུ་ཁྱོད་ཀྱི་སྨོན་ལམ་ཆེན་པོ་ཤ་ནད་ཏུ་རྨད་དུ་བྱུང་བ་དེ་ནི་རྫོགས་པར་གྱུར་པ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་འདི་དག
47a5 གིས་མངོན་པར་སྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་དད་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འད་དེས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས
47a6 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུ་བར་འཚལ་ལོ།། དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ
47a7 ཁྱོད་ཅི་དང་ནི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། ངས་དྲི་བ་དྲིས་པ་དེ་དང་དེ་ལུང་བསྟན་པས་ཁྱོད་སེམས་རངས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་བ་ལུང་བསྟན་པའི་སྐབས་ཕྱེ་ནས། བཅོམ་ལྡན་འདས་ལ་ཀླུའི་རྒྱལ
47a8 པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་ངན་སོང་ཐམས་ཅད་ཡང་དག་པར་ཆད་པ་དང་། མྱ་འོམ་པ་བརྒྱད་ལས་འདས་པ་དང་། ལྷ་དང་མྱིའི་སྐྱེ་བར་འགྲོ་བ་ལགས།
47a9 བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་རྒྱུན་མྱི་འཆད་པར། སངས་རྒྱས་མཐོང་བ་ཐོབ་པ། དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། མཚམ་པའི་ཡུལ་དུ་གནས་པ་ཐོབ་པ་ལགས། བཅོམ་ལྡན་འདས་ཇི་ལྟར




iiif viewer powered by OpenSeadragon

46b - 47b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo