e-texts navigator
Collection
Volume
Page
Wylie

46b1 མངོན་པར་བསོད་དོ།། འཇིག་རྟེན་དག་མ་འཇིག་རྟེན་ཕན་པར་བདེདེ་ན་འཇིག་རྟེན་གྱིས་མཆོད་འཇིག་རྟེན་གྱིག་སྦྱིན་པ། འཇིག་རྟེན་དུ་སྐྱེས་འཇིག་རྟེས་དྲིས་རྣམས་ཀྱིས་མ་གོས་པར་མ་ནུས་ཀྱི་ཆགས་པ་བཞིན། འཇིག་རྟེན་སྤང་བ་མ
46b2 པར་གཟིགས་པ་སྤྱན་གསུམ་མངའ་བ་འཇིག་རྟེན་བདེ་བ་སྦྱིན་མཛད་པ། འཇིག་རྟེན་ཉི་མ་རྐྱེན་ལ་མཁས་པ་འཇིག་རྟེན་གཙོ་བོ་ཁྱོད་ལ་དེ་རིང་བདག་ཕྱག་འཚལ།། དུལ་ཞིང་དུལ་བར་ཡོངས་སུ་བསྐོར་དེ་སྟོབས་བཅུ་མངའ་བ་སྦྱིན་པ
46b3 རྣམས་དང་དུལ་བ་རྣམས་ཀྱིས་འཕགས།། འདྲེན་པ་ཉོན་མོངས་རྡུལ་དང་མུན་པ་དང་ནི་དྲི་མ་ཐ་བ་བསྲེགས་ཤིང་མྱུ་གུ་སྲེགས།། སྙིང་རྗེས་ནོར་གྱི་གཙོ་བོ་བདུན་པོ་སྦྱིན་པར་མཛད་ཅིང་སེམས་ཅན་རྣམས་ལ་བྱམས་པས་འཕགས། བསོད་ནམས
46b4 ཞིང་སྟེ་འཇིག་རྟེན་རྩ་ལག་བརྟན་པོ་ཁྱོད་ལ་བདག་ནི་མགོ་བོས་ཕྱག་འཚལ་ལོ།། ཁྱོད་ཀྱི་ཞལ་གི་སྦྱིན་མཚམས་མཛོད་སྤུ་འབར་བ་མེ་ཏོག་ཀུན་ད་ཟླ་བ་དུང་མདོག་འདྲ། འདི་ན་ཚངས་པའི་གནས་ན་འཁོད་པའི་ལྷ་རྣམས་ཀྱིས་ཀྱང་ཁྱོད་ཀྱི
46b5 སྤྱི་གཙུག་མཐོང་མྱི་འགྱུར།། ཟླ་བ་ལྟ་བུའི་ཞལ་ནས་བྱུང་བའི་མབྱུང་འོད།། ཀྱིས་འགྲོ་བ་མ་ལུས་སྡང་བར་མཛད།། དེ་ཡིས་རེག་པར་གྱུར་པའི་ད།། བང་གིས་མཚམས་མྱེད་སེམས་ཅན་རྣམས་ཀྱང་བདེ་བ་ཉིད་དུ་འགྱུར།།
46b6 ཁྱོད་ཀྱི་གསུང་ནི་ཤིན་ཏུ་ཡིད་འོང་ཚིག་སྟེ། ཟླ་བ་བཞིན་དུ་ཡིད་ཀྱང་ཚིམ་ར་བྱེད། ལྷ་དང་མྱིའི་སྒྲ་སྐད་ཟིལ་གྱིས་གནོན་ཅིང་གཅིག་ཏུ་ངེས་པར་དག་ལ་གཙང་བ་སྟེ། འདོད་ཆགས་ཞེ་སྡང་མུན་པ་རྡུལ་རྣམས་རབ་ཏུ་ཞི་བར
46b7 བགྱིད་ཅིང་ཤེས་རབ་གསལ་བར་བགྱིད། དགའ་དང་མགུ་བགྱིད་བདེ་བ་ཞིན་པ་དུ་སྐྱེ་བར་བགྱིད་ཅིང་ཐར་ད་པ་ཡང་དག་སྟོན་པ་ལགས།། ཁྱོད་ཀྱི་ཡེ་ཞེས་དུས་གསུམ་གཏོགས་པ་མ་ལཆིས་གར་ཡང་རགས་པ་མ་མཆིས་ཏེ། ཁྱོད་ཀྱི་སེམས་ཅད
46b8 རྣམས་ཀྱི་སྤྱོད་པ་ཆུང་དང་འབྲིང་དང་དམ་པ་མ་ལུས་ཐུགས་སུ་ཆུང་།། གང་དག་གི་ནི་དབང་པོ་བསམ་པ་དག་དང་འགྲོ་དང་ཐ་རང་པ་ཐ་དད་ཅི་འདྲ་བ། ཐམས་ཅད་ཁྱོད་ཀྱིས་སྐད་ཅིག་ཅམ་གིས་ཐུགས་སུ་ཆུད་པས་དེ་སྲང་ཁྱོད་ལ་ཕྱག་འཚལ་ལོ།།
46b9 རྫོགས་པའི་བྱང་ཆུབ་ཤིང་རྒྱལ་དྲུང་དུ་གྲགས་ལྷའི་ཕྱིར་བརྩོན་བདུད་རྣམས་བྱེ་བ་བརྒྱ་ཕྲག་ཉེད། ཁྱོད་ཀྱི་ཐང་ཏུ་ལྤགས་པར་གྱུར་དཀྱང་གནས་ལས་མ་གཡོས་ཐུགས་བཟེར་ལྡན་པའི་བློ་མངའ་བ། མངའ་བདག་ཁྱོད་ཀྱིས་བདེ་དང་། བརྟུལ




iiif viewer powered by OpenSeadragon

46a - 47a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo