e-texts navigator
Collection
Volume
Page
Wylie

45b1 ལྷའི་རྒྱལ་པོ་དགེ་རྒྱས་ལས་སྩོགས་པ་དགེ་རྒྱས་ཀྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་འབྲས་བུ་ཆེ་ལས་སྩོགས་པ་འབྲས་བུ་ཆེ་བའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་ལས་སྩོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས
45b2 དང་། ལྷའི་རྒྱལ་པོ་དྲི་མྱེད་འོད་ལས་སྩོགས་པ་འོག་མྱིན་གི་ལྷའི་བུ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལས་སྩོགས་པ་ལྷ་མ་ཡིན་གྱི་དབང་པོ་དྲུག་ཁྲི་དང་། མྱི་འམ་ཅིའི་རྒྱལ་པོ་ལྗོན་པ་ལས་སྩོགས་པ་མྱ་འམ་ཅི་བཞི་ཁྲི་ཉིས
45b3 སྟོང་དང་། དྲི་ཟའི་རྒྱལ་པོ་ཕྲེང་ཐོགས་ལས་སོགས་པ་དྲི་ཟའི་སུམ་ཞི་ཉིས་སྟོང་དང་། ཀླུའི་རྒྱལ་པོ་མ་དྲོས་པ་ལས་སྩོགས་པ། ཀླུའི་རྒྱལ་པོ་བདུན་ཁྲི་ཉིས་སྟོང་དང་། བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་སྟོང་དང་། དེ་མ་ཡིན་པའི་ལྷ་དང
45b4 ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕེ་ཆེན་པོ་གཟིའ་བརྗིད་ཆེ་བ་སྟོང་དག་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ན་བཅོམ་ལྡན་འདས་འཁོར་སྟོང་ཕྲག་ཏུ་མས་ཡོངས་སུ་བསྐོར
45b5 ཅིང་མདུན་གིས་བལྟས་ཏེ། ཆོས་སྟོན་ཅིང་། ལྷ་ཐམས་ཅད་ཀྱི་བཀོད་པས་ལེགས་པར་བགྱིད་པའི་སེང་གེའི་ཁྲི་ལ་རིའི་རྒྱལ་པོ་རི་རེབ་རྒྱ་མཚོའི་ནང་ནས་གྱེན་དུ་འཕགས་པ་བཞིན་དུ་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས
45b6 ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནནད་ནས། དགེ་སློང་གི་རྩ་གས་ཀྱི་ཡོངས་སུ་བསྐོར་ཏེ། ལམ་མེ་ལྡན་ནེ་ལྷང་ངེ་ཞིང་བཞུགས་སོ།། དེ་ནས་དེ་ལྟར་འདུས་པའི་འཁོར་དེའི་ནང་ན། དེ་བཞིན་གཤེགས་པ་དེ་ལྟར
45b7 བཞུགས་པའི་སྟེང་གི་བར་སྡང་ལ་རིན་པོ་ཆེའི་གདུགས་རིན་པོ་ཆེ་ཐམས་ཅད་ཀྱི་འོད་དང་ལྡན་ཞིང་། རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་ཞིག་བྱུང་སྟེ། རིན་པོ་ཆེའི་གདུགས་དེས། ཐམས་ཅད་དང་ལྡན་པའི་གླིང་བཞི་པའི་འཇིག་རྟེན་འདི
45b8 ཀུན་ཁེབས་པར་གྱུར་ཏོ།། རིན་པོ་ཆེའི་གདུགས་དེ་ལས་ཀྱང་མུ་ཏིག་ཁ་དོག་ཏུ་མའི་རྒྱན་འཕྲེང་འབུམ་ཕྲག་དུ་མ་འདི་ལྟ་སྟེ། མུ་ཏིག་དཀར་པོ་དང་། མུ་ཏིག་དམར་པོ་དང་། མུ་ཏིག་དྲི་མ་མྱེད་པ་དང་། གསེར་ལྟ་བུའི་མུ་ཏིག་དང་། ཟླ་བ་ལྟ་བུའི
45b9 མུ་ཏིག་དང་། པད་མ་ལྟ་བུའི་མུ་ཏིག་དང་། ནམ་མཁའ་ལྟ་བུའི་མདོག་ཅན་གྱི་མུ་ཏིག་རྣམས་འཕྱང་ངོ་།། མུ་ཏིག་གི་རྒྱན་འཕྲེང་དེ་དག་ལས་ཀྱང་འོད་གཟེར་དག་བྱུང་ངོ་།། འོད་གཟེར་དེ་དག་ལས་ཀྱང་མེ་ཏོག་ཁ་ཏོག་སྣ་ཚོགས་པ། ཁ་དོག་འབར་བ




iiif viewer powered by OpenSeadragon

45a - 46a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo