| e-texts navigator |
| Wylie |
45a1 5། ཆེན་པོ་ལྷུན་པོ་དང་། རི་རབ་དང་། སྤུན་པོ་ཆེན་པོ་དང་། སྤུན་པོ་རྩེ་འཛིནད་དང་། སྤུན་པོ་མར་མེའི་རྒྱལ་པོ་དང་། ལྷུན་པོ་བརྩེགས་དང་། ལྷུན་པོའི་རྒྱལ་མཚན་དང་། སྤུན་མོའི་རྒྱལ་པོ་དང་། ལྷུན་པོའི་རྩེ་མོ་རྡོབ་པའི་རྒྱལ་པོ
45a2 དང་། འབྲུག་སྒྲ་དང་། རྔ་སྠ་དང་། རིན་ཅེན་འབྱུང་གནས་དང་། རིན་ཅེན་ཏོག་དང་། རིན་ཅེན་རྩེ་མོ་དང་། རིན་ཅེན་དཔལ་དང་། རིན་ཅེན་འབྱུང་དང་། རིན་ཅེན་འོད་དང་། རིན་ཅེན་ཁར་པ་དང་། རིན་ཅེན་རྩེ་མོ་དང་། ལག་ན་རིན་ཅེན་ཕྱག་རྒྱ་དང
45a3 རིན་ཅེན་དྲ་བ་དང་། རིན་ཅེན་བཀོད་པ་དང་། རིན་ཅེན་འོད་དང་། རིན་ཅེན་གླིང་དང་། རིན་ཅེ་ན་སྨོན་མ་དང་། ལཀ་ན་རིན་ཅེན་དང་། དཀའ་བྱེད་དང་། ཆོས་ལ་དགའ་བ་བཀོད་པ་དང་། བཀོད་པའི་རྒྱལ་པོ་དང་། མཚན་གིས་ཡང་དག་པར་བརྒྱན་པ་དང་།
45a4 ཚིག་བཀོད་པའི་འོད་དང་། གཙུག་ན་རིན་པོ་ཆེ་དང་། ལྷ་བརྩེགས་དང་། རིན་ཅེན་བརྩེགས་དང་། འོད་གཟེར་སྟོང་ལྡན་དང་། མྱེ་ལྕེ་དང་། སྐར་མ་ལ་དགའ་བ་དང་། ཟླ་འོད་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ
45a5 བསྐོར་བ་དང་། དཀའ་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་རྒྱུན་མྱི་འཆད་པར་མྱི་འཇིགས་པ་སྦྱིན་པ་དང་། བྱམས་པ། ལ་སྩོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ
45a6 ཆེན་པོ་ཐམས་ཅད་དང་། འཇམ་དཔལ་ལས་སོགས་པ་སེམས་པ་དཔེ་རྩེ་ད་དྲུག་བཅུ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང་། ལ་པོ་ཆེན་པོ་བཞི་ལས་སོགས་པ། རྒྱལ་ཆེན་བའིའི་རིས་ཀྱི་ལྷ་རྣམས་དང་།
45a7 ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་རབ་འཐབ་བྲལ་ལ་སྩོགས་པ་འཐབ་བྲལ་བའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་ལ་སྩོགས་པ་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་དང
45a8 ལྷའི་རྒྱལ་པོ་རབ་འཕྲུལ་དཀའ་ལ་སོགས་པ་འཕྲུལ་དགའ་བའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་དབང་བྱེད་ལས་སོགས་པ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ལྷའི་བུ་དེད་དཔོན་ལས་སོགས་པ་བདུད་ཀྱི་རིས་ཀྱི་ལྷའི་བུ་ཀར་པོའི་ཕྱོག
45a9 ཐམས་ཅད་དང་། རབ་ཚངས་པ་ལས་སྩོགས་པ་ཚངས་པའི་མདུན་ན་འདོད་པའི་ལྷ་རྣམས་དང་། མྱི་མཇེད་ཀྱི་བདག་པོ་ལས་སྩོགས་པ་ཚངས་ཆེན་གྱི་རིས་ཀྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་འོད་གསལ་ལ་སོགས་པ་འོད་གསལ་གྱི་ལྷ་རྣམསར