| e-texts navigator |
| Wylie |
43a1 སྟོན་པར་འགྱུར་རོ།། ཇི་ལྟར་ད་ལྟར་ང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཐམས་ཅད་ཀྱིས་ཆོས་སྟོནང་པ་ལྟར་དེ་བཟང་བར་ཆོས་སྟོནད་པར་མྱི་འགྱུར་རོ།། སེམས་ཅན་དེ་དག་ཀྱང་ཆོས་བརྗོད་པ་ཙམ་གྱིས་འདུལ་བར་འགྱུརརོ།།
43a2 དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་ཀྱི་ཞིང་དེ་ན། སྒྲ་དང་མྱི་རྣམས་ལ་ཆོས་ཀྱི་གཏམ་གཅིག་སྟོན་པར་འགྱུར་བའི་ཕྱིར། སངས་རྒྱས་ཀྱི་ཞིང་དེ་ན། ཉིན་མཚན་ཞེས་སོ་སོར་བགྲང་དུ་མྱེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན།
43a3 ཀུན་དཀའ་བོས་དེ་བཞིན་གཤེགས་པ་མ་དྲོས་པ་དེའི་རང་གི་ལུས་ལས་འོང་བཀྱེ་བས། ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དེ་གསལ་བས་ཁྱབ་པར་འགྱུར་རོ།། དེ་ནས་སོས་ཅན་དེ་དག་འདི་སྙམ་དུ་ང་དེ་བཞིན་གཤེགས་པ
43a4 ཆོས་ཀྱི་བཀའ་མཆིད་མཛད་པར་འགྱུར་རོ།། སྙམ་དུ་སེམས་པར་འགྱུར་ཞིང་དེ་དག་འོད་དེས་བསྐུལ་པ་དང་། ཆོས་ཉན་པའི་ཕྱིར་ནམ་མཁའ་ལས་འདོང་བར་འགྱུར་རོ།། དེ་ལྟར་དེ་དག་འདུས་ནས་དེ་བཞིན་གཤེགས་པ་དེ་ཤིང་ཏ་ལ
43a5 བདུན་སྲིད་དུ་སྟེང་གི་བར་སྣང་ལ་འཕགས་ཏེ། ནམ་མཁའ་ལ་གན། ས་པའི་སེང་གེའི་ཁྲི་ལ་འདུག་ནས། སེམས་ཅན་དེ་དག་ལ་ཆོས་སྷོ། ན་པར་འགྱུར་རོ།། དེ་དེར་འདུག་པ་དང་། སངས་རྒྱས་ཀྱི་ཞིང་དེ་ཐོས
43a6 ཅད་སྣང་བར་འགྱུར་ཏེ། དཔེར་ན་ཟླ་བ་ཉ་བའི་དཀྱིལ་འཁོར་བཞིན་ནོ།། དེ་ན་དགེ་བའི་རྩ་བ་ཡོངས་སུ་སྦྱིན་པའི་སེམས་ཅན་དེ་དག་འདི་སྙམ་དུ། ཇི་ལྟར་བཅོམ་ལྡན་འདས་དེའི་སེང་གེའི་ཁྲི་གནས་མྱེད་པར་དེ་བཞིན་དུ
43a7 ཆོས་ཐམས་ཅད་ཀྱང་གནས་མྱེད་དེ། ནམ་མཁའི་ངོ་བོ་ཉིད་དོ་སྙམ་དུ་སེམས་པར་འགྱུར་ཏེ། དེ་དག་ཉིད་ཀྱིས་མངོན་པར་རྟོགས་པར་འགྱུར། བཟོད་པ་ཡང་རབ་ཏུ་ཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ནི་རྡོ་རྗེའི་སྒོ་ལ་འཇུན
43a8 པ་ཞེས་བྱ་བའི་ཆོས་ཀྱི་ནམ་གྲངས་སོནང་ཏོ།། འདི་ས་སྟེ་དཔེར་ན། རྡོ་རྗེ་ནི་གང་དང་གང་དུ་བབ་པ་དེ་དང་དེ་དག་འཇོམ་སོ།། དེ་བཞིནདུང་བའི་གཤེགས་པ་དེའི་ཆོས་བསན་པ་ཡང་བག་ལ་ཉལ་དང་། ཀུན་ངས་ལྡང་བ་ཐམས་ཅད
43a9 འཇོམ་སོ།། ཀུན་དགའ་བོ་དེ་བའི་ན་གཤེགས་པ་མ་དྲོས་པ་དེ་གང་གི་མེ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་བོར་ལམ་ཁྱད་པར་འཕགས་ཤེས་བྱ་བ་ནི་འདི་ངའི་འོག་དེ་བཞིན་གཤེགས་པ་ཀུན་ཏུ་སྤང་བ་ཞེས