e-texts navigator
Collection
Volume
Page
Wylie

42b1 གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དེའི་ལྷག་པའི་བསམ་པ་མཁྱེན་ནས། རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་རྣམ་གྲངས་འདི་འཆད་པར་འགྱུར་རོ།། ས་ཕྱོགས་འདི་ཉིད་དུ་དེ་བཞིན་གཤེགས་པ་ལོག་པར་དད་སེལ་དང་།
42b2 གསེར་ཐུབ་པ་དང་། འོད་སྲུང་ཡང་བཞུགས་ནས་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་སྒོའི་ལེའུ་འདི་གསུངས་སོ།། ཀླུའི་རྒྱལ་པོ་མ་དྲོས་པ་འདི་བསྐལ་པ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པར
42b3 འགྱུར། ཆོས་ཀྱང་ཉན་པར་འགྱུར་རོ།། དེའི་འོག་ཏུ་དེ་བཞིན་གཤེགས་པ་གྲངས་མྱེད་པ་མཉེས་པ་བྱེད་པར་འགྱུར། ཚངས་པར་སྤྱད་པ་ཡང་སྤྱོད་པར་འགྱུར།། དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པར་འགྱུར་ཏེ། བསྐལ་པ
42b4 པ་གྲངས་མྱེད་པ་བདུད་སྟོང་ལྔ་བརྒྱན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་དྲོས་པ་ཞེས་བྱ་བ་ཉིད་དུ་འགྱུར་རོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་མ་དྲོས་པ་བྱང་ཆུབ་ཐོབ་པའི་ཚེ།
42b5 སེམས་ཅན་གང་ཡང་འདོད་ཆགས་ཀྱིས་གཏུང་བ་འམ། ཞེ་སྡང་གི་གདུང་བ་འམ། གཏི་མུག་གི་གདུང་བ་འམ། ཕ་རོལ་གི་གདུང་བས་གདུང་བར་མྱི་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ངེས
42b6 པར་ཆེའི་ཚད་དུ་འགྱུར་རོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་མ་དྲོས་པའི་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱད་ཅུར་འགྱུར་རོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་མ་དྲོས་པའི་སངས་རྒྱས་ཀྱི་ཞིང་ནི་བཻ་དཱུརྱ་ལས
42b7 གྲུབ་པར་གྱུར་ད་ཏེ། ས་ཆེན་པོ་དེ་ནི་འཛམ་བུའི་གླིང་གེ་གསེར་གྱི་པད་མས་ཁེབས་པར་འགྱུར། སྭ་དང་མྱི་དེ་དག་གི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་། བཟའ་བ་དང་། བཏུང་བ་ཡང་བསམས་པ་ཙམ་གིས་འབྱོར
42b8 པར་འགྱུར། མྱི་དེ་དག་ཐམས་ཅད་མངོན་པར་ཤེས་པ་ལྔས་ནམ་མཁའ་ལ་འགྲོ་བར་འགྱུར། དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཅི་འདྲ་བར་གྱི་དེ་དག་གི་ཡང་དེ་འདྲ་བར་འགྱུར་རོ།། སེམས
42b9 ཅན་དེ་དག་གཉིས་ཀྱི་གཉིས་སྦྱོར་བ་མ་ཡིན་གྱི། དེ་དག་ཐམས་ཅད་ཆོས་ཀྱི་དཀའ་བ་ལ་དཀའ་མོས་པར་འགྱུར། ཉོན་མོངས་པ་རྣམས་ཀྱང་རབ་ཏུ་ཞི་བར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ཡང་ཡོངས་སུ་མྱི་སྐྱོ་བར་ཆོས




iiif viewer powered by OpenSeadragon

42a - 43a

Texts on this page

Ng5.1 - 'phags pa klu'i rgyal po ma dros pas zhus pa zhes bya ba theg pa chan po'i mdo