e-texts navigator
Collection
Volume
Page
Wylie

42a1 སྦྱོར་བ་བདག་ལ་གསུངས། ཐུབ་པ་ཤེས་རབ་འབྱུང་གནས་ཤེས་རབ་གྲོལ། རྟག་ཏུ་མཉམ་གཞག་འཁྲུལ་པའི་ཐུགས་མྱི་མངའ། ཐམས་ཅད་མཁྱེནད་པའི་སེམས་ཅན་སྤྱོད་ལ་མཁས།། མཚུངས་མྱེད་བཞད་པའི
42a2 དོན་ནི་ལེགས་པར་གསུངས། ཡེ་ཤེས་མྱི་ཕྱེད་དབང་གི་མཐར་ཕྱིན་པ། རྫུ་འཕྲུལ་མཐའ་ཡས་པའི་སྟོབས་སྟོན་ཅིག། སྟོབས་བཅུ་དབང་གིས་ཕ་རོལ་གཤེགས། བདེ་བར་གཤེགས་ཁྱེད་ཇི་སྐད་འདིར་འཛུམ་སྟོན།། སྐུ་འོད
42a3 དཔལ་གྱིས་སྡང་བ་མཛད་པ་པོ།། ཁྱོད་ཀྱི་འོད་ཀྱིས་གཞན་འོད་གསལ་མྱི་འགྱུར། ཇི་ལྟར་རྒྱལ་བའི་འོད་ནི་གདའ་བར་ལྟར། གཉི་ཟླ་ཞུགས་དང་ནོར་བུའི་མ་ལགས་སོ།། བསོད་ནམས་ཆེན་པོ་ཐེ་ཙོམ་མྱི་མངའ་བ། རྫོགས་པའི་བྱང
42a4 ཆུབ་སེམས་དཔའ་ཕྱོགས་གསལ་མཛད། བཅོམ་ལྡན་ཅི་སླད་བཤད་པ་སྟོན་པ་དེ། མྱི་མཚུངས་ཡེ་ཤེས་མངའ་བས་བདག་ལུང་སྟོན།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི
42a5 སྐད་ཅེས་བཀའ་སྩལང་ཏོ།། ཀུན་དགའ་བོ་ཀླུའི་རྒྱལ་པོ་མ་དྲོས་པ་དེ། བཞིན་གཤེགས་པ་ལ་འདི་འདྲ་བའི་བཀོད་པ་འདི་དག་གིས་མཆོད་པ་ད་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ
42a6 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་རྒྱལ་པོ་མ་དྲོས་པ་འདི་ས། བྱང་ཆུབ་བསྒྲུབ་པའི་ཕྱིར། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་གན་དུ་ཚངས་པར་སྤྱོད་པ་སྤྱད་དེ།། གང་གི་ཚེ་དེ་བཞིན་གཤེགས་པ་མར
42a7 མྱེ་མཛད་ཀྱིས་ངལ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤག་ཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ།། ཞེས་ལུང་བསྟན་པ་དེའི་ཚེ་དེའི་དུས་མ། ཀླུའི་རྒྱལ་པོ་འདི་ཚོང་དཔོན་གྱི།
42a8 བུ་རྣམ་པར་དག་པའི་བློ་གྲོས་ཤེས་བྱ་བར་གྱུར་ཏོ།། དེས་ང་ལུང་བསྟན་པ་འདི་ཐོས་ནས། སྨོན་ལམ་བཏབ་པ། བདག་ཀྱང་འོངས་པའི་དུས་ན། ཇི་ལྟར་ཁྱེའུ་བྲེ་གྲོས་བཟང་པོ་འདི་ལུང་བསྟནད་པ་བཞིན་དུ་ལུང་བསྟན་པར་གྱུར་ད་ཅིག
42a9 ཅེས་སྨྲས་སོ།། ཀུན་དགའ་བོ། ཀླུའི་རྒྱལ་པོ་མ་དྲོས་པ་འདི་ཇི་ལྟར་ད་ལྟར་བ་ལ་འབུལ་བ་དེ་བཞིན་དུ། བསྐལ་པ་བཟང་པོ་འ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་རང་གི་གནས་བརྒྱན་ནས་འབུལ་བར་འགྱུར་ཏེ། དེ་བཞིན




iiif viewer powered by OpenSeadragon

41b - 42b

Texts on this page

Ng5.1 - 'phags pa klu'i rgyal po ma dros pas zhus pa zhes bya ba theg pa chan po'i mdo